ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽

མཁས་མིང་གིས་བསྒྱུར།        2020-09-02

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽

   འདི་ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་ཞིང་། ཁུལ་བཙུགས་ནས་ལོ70སོང་རིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་གཟི་འོད་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མངོན་པར་བྱེད་ཆེད། རང་ཁུལ་གྱིས“དྲིན་དྲན་ཧུར་སྐྱོད་ཀྱི་དཀར་མཛེས་ཁུལ་གསར་པ། མི་བརྒྱ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྐྲུན་ཞེས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལས་རིགས་ཀྱི་གྲུབ་འབྲས་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ”འཚོགས།

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽

    སྤྱི་ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ལས་རིགས་ཀྱི་གྲུབ་འབྲས་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽

   ཚོགས་འདུ་དེས“དྲིན་དྲན་ཧུར་སྐྱོད་ཀྱི་དཀར་མཛེས་ཁུལ་གསར་པ། མི་བརྒྱ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཤིང་། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་བསྡོམས་རྩིས་ཅུས། ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས། ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། ཁུལ་ཁྲལ་དོན་ཅུས། མི་དམངས་དངུལ་ཁང་དཀར་མཛེས་ལྟེ་བའི་ཡན་ལག་དངུལ་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་དྲངས་པ་དང་། སོ་སོས་ལོ70རིང་གི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད། ཁུལ་ཨུའི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་ཁུལ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽

   ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུལ་ཐོག་མར་བཙུགས་པའི་དུས་མགོར། དཀར་མཛེས་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་བ་དང་ཕྱོགས་བསྡུས་སྟོབས་ཤུགས་ཧ་ཅང་ཞན་པོ་ཡོད་པ་རེད་ཅེས་བསྟན་པ་དང་། ལོ་ངོ70རྗེས་ཀྱི་དེ་རིང་། རྨང་གཞིའི་སྒྲིག་བཀོད་དང་ཁྱད་ལྡན་ཐོན་ལས། དམངས་འཚོ་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག  སྤྱི་ཚོགས་ཀྱི་བྱ་གཞག་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་མྱོང་ཚོར། བདེ་འཇགས་ཀྱི་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད་པ་རེད།

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽

   ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་ཉིན་ཤས་རིང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ལས་རིགས་ཀྱི་གྲུབ་འབྲས་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ“རྨང་གཞིའི་སྒྲིག་བཀོད་ལེའུ”དང་། “སྤྱི་ཚོགས་བྱ་གཞག་ལེའུ”“དབུལ་ཐར་འགག་སྒྲོལ་ལེའུ”“ཞི་མཐུན་འཕེལ་རྒྱས་ལེའུ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་རིམ་པ་བཞིན་འཚོག་རྒྱུ་ཡིན་པ་རེད།

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽

  • ལེ་ཚན་སྔོན་མ།:རྒྱལ་སྲུང་གཞུང་ལམ317པའི་ལམ་རྒྱུད་དུ་ཆགས་པའི་བྲག་མགོའི་མཁར་གསུམ་མཚེའུ།
  • ལེ་ཚན་རྗེས་མ།:ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽
  • དོ་སྣང་ཆེ་བའི་རྩོམ།