བརྡ་རྙིང་།

        2020-09-02

གནའ་དེང་གི་ཚིག་མཛོད་སྣ་ཚོགས་ཁ་ཕྱེས་ནས།

ཁྱོད་ཀྱི་གོ་དོན་ཇི་ལྟར་བཙལ་ཀྱང་།

སྡོམ་ཚིག་གཤའ་མ་ཞིག་འགོད་མི་ཐུབ་པ།

ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བརྡ་རྙིང་དང་ཨ་

ན་མ་ན་རེད།

མིང་ཚིག་གོང་འོག་གི་རྣམ་འགྱུར་ལ་ཅེར་དུས།

མཚམས་རེར་ལྗོན་པའི་ཡ་གའི་སྟེང་ནས་ཁུ་བྱུག་གྲག་

པ་འདྲ་ལ།

མྱ་ངམ་ཐང་གི་གཡུ་ཡི་མཚེའུ་དང་ཡང་འདྲ།

ལན་རེར་མེ་ལོང་ནང་གི་རྒྱབ་གཟུགས་དང་

མཚུངས་ལ།

རོ་དང་དྲི་མ་ཞིམ་པའི་རྩྭ་དུག་ཅིག་དང་མཚུངས།

མི་ལོ་དུ་མ་ཞིག་འགོར་རུང་།

ངས་ཁྱོད་ཀྱི་ཕྱི་ནང་གསང་གསུམ་ལས།

ཁུངས་བཙན་པོའི་འགྲེལ་བཤད་གཅིག་ཀྱང་མ་རྙེད།

ད་ནི། མངོན་ཆུང་གིས་ཙོག་སྟེ།

ཚུར་གསུང་འབྱིན་པར་སྒུག་པ་ལས།

ང་ལ་ཞིབ་འཇུག་གི་དཔྱད་ཐབས་ཅི་ཡང་མི་

འདུག་ཨང་།

༼ གཞི་ཚང་ཟླ་བ་གྲགས་པ། ༽


  • ལེ་ཚན་སྔོན་མ།:ཨ་མ།
  • ལེ་ཚན་རྗེས་མ།:སད་དགོས་པའི་གཞོན་རབས་པ།