སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།

        2017-09-18

སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།

  སྤྱི་ཟླ9པའི་ཚེས14ཉིན། ཀྲུང་གུང་ལི་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་དང་དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་ཅུས། དཀར་མཛེས་ཁུལ་གླུ་གར་ཚོགས་པ། ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་བཅས་ཀྱིས་སྒྲུབ་འགན་ཁུར་བའི2017ལོའི་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་བྱེད་སྒོའི་ཡ་གྱལ་དུ་གྱུར་པའི་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་གཙོ་དོན་བགྲོ་གླེང་དེ་ལི་ཐང་རྫོང་དཔོན་སྐོར་ཤང་ཧོར་ཆུ་བཀྲ་ཤིས་འབྲོག་རའི་སྦྲ་ནག་གུར་ཆེན་དུ་སྤེལ་བ་རེད། ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་བགྲོ་གླེང་དུ་ཞུགས་པ་རེད།

སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།

  བགྲོ་གླེང་ཐོག་ལྟག་ཆོས་འཕེལ་དང་གནུབས་རིན་ཆེན། འགྱུར་མེད་ཚེ་དབང་། སྤང་རྒྱན་མེ་ཏོག་སོགས་མི18ཀྱིས་ཚངས་དབྱངས་རྒྱ་མཚོ་དང་ལི་ཐང་གི་ལས་འབྲེལ། ལི་ཐང་གི་ལོ་རྒྱུས་ཀྱི་གོ་གནས། ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་བདེན་རྫུན་རང་བཞིན་དང་སྒྱུ་རྩལ་རང་བཞིན། མཚོན་བྱེད་རང་བཞིན། བོད་རིག་གནས་དང་རྩོམ་རིག་བརྒྱུད་སྒྲོག་སྐུལ་སྤེལ་གཏོང་བའི་ནུས་པ། ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་སྙིང་སྟོབས། ཡིག་སྒྱུར་བྱས་ཚུལ། ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་ཁྱབ་ཁོངས་ཇེ་ཆེར་གཏོང་བ། སྔར་ལྷག་གིས་ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་ནང་དོན་སྔོག་སྤེལ་བྱ་རྒྱུ་སོགས་ཀྱི་གནད་དོན་དང་འབྲེལ་ནས་བགྲོ་གླེང་གཟབ་རྒྱས་སྤེལ་ཞིང་བསམ་བློའི་ཐོག་ངེས་ཤེས་མཉམ་སྐྱེས་དང་ཉམས་སྦྱོང་ཟབ་མོ་ཐེབས་པ་རེད།

སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།
སྙན་ངག་གི་ལས་འབྲེལ་བརྒྱུད་ནས་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་ཟུང་བཏགས།

  ལི་ཐང་རྫོང་ཨུའི་ཧྲུའུ་ཅི་དགེ་ལེགས་རྡོ་རྗེས་ལི་ཐང་རྫོང་གིས་ད་ལྟར་གྲོང་ཡུལ་རིམ་སྤོར་གྱི་འཐབ་ཇུས་ལག་ལེན་བསྟར་བཞིན་ཡོད། ཚངས་དབྱངས་རྒྱ་མཚོའི་འགྲན་ཟླ་བྲལ་བའི་སྐད་གྲགས་ལ་བརྟེན་ནས་སི་ཁྲོན་ལི་ཐང་གི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་དེ་དཀར་མཛེས་ཁུལ་གྱི་རིག་གནས་ཟོང་རྟགས་གྲགས་ཅན་དུ་བསྐྲུན་པ་དང་། བོད་ཀྱི་རིག་གནས་དར་སྤེལ་གཏོང་ཞིང་། ཁུལ་ཡོངས་ཀྱི་རིག་གནས་ཀྱི་འཇམ་ཤུགས་ཇེ་ཆེར་དང་ལི་ཐང་རྫོང་གི་སྐད་གྲགས་ཇེ་ཆེར་གཏང་རྒྱུ་ཡིན། སྙན་ངག་རིག་གནས་ཀྱིས་སྣེ་ཁྲིད་བྱས་པའི་རིག་གནས་ཀྱི་གྲོང་ཁྱེར་ཞིག་གསར་བསྐྲུན་བྱས་ནས་གྲོང་ཁྱེར་འདི་ལ་གཏམ་རྒྱུད་ཡོད་པ་དང་ནང་དོན་ཡོད་པ། གཙོ་དོན་ཡོད་པར་བྱ་རྒྱུ་དང་། གྲོང་ཁྱེར་འདིར་འཚོ་སྡོད་བྱས་པའི་ཡུལ་མི་ཡོངས་ལ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ་ཡ་རབས་ཀྱི་ཁོར་ཡུག་བཟང་པོའི་ཁྲོད་དུ་འཚར་ལོངས་བྱུང་ཞིང་བསམ་པ་བཟང་པོར་འགྱུར་དུ་འཇུག་རྒྱུ་ཡིན། སྙན་ངག་པ་དང་རྩོམ་རིག་པ་ལི་ཐང་དུ་གདན་འདྲེན་ཞུས་པའི་ལས་འབྲེལ་བཟང་པོར་བརྒྱུད་ནས་ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་ལ་དར་རྒྱས་ཀྱི་གཤོག་པ་བཏགས་ཏེ་ཞིང་འབྲོག་མང་ཚོགས་ལ་རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་ལས་ཞུགས་དང་ཡོང་འཕར་གྱི་གོ་སྐབས་དེ་བས་མང་པོ་འཐོབ་ཏུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

  ཞིང་ཆེན་ཕྱི་ནང་ནས་ཡོང་བའི་རིག་རྩལ་ལས་རིགས་དང་། སློབ་ཆེན་སྐད་གྲགས་ཅན་གྱི་ཆེད་རམས་པ་དང་སྙན་ངག་པ། རྩོམ་པ་པོ། དགེ་རྒན་ཆེན་པོ་སོགས་མི100ལ་ཉེ་བ་བགྲོ་གླེང་དུ་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:འུག་མདའ་ལུང་གྲོང་སྡེས་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས་གྲོང་མི་ཚོས་བདེ་སྐྱིད་འཚོ་བ་རོལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།