ཤིང་སྤེན་མ་དགོན་གྱི་རྒྱན་ཆ་རེད།

        2020-08-18

སྤེན་མ་ནི་མཐོ་སྒང་གི་མཚོ་འཕགས་སྨི3000ཡན་གྱི་ས་ནས་སྐྱེས་ཤིང་སྐྱེ་བོངས་མི་མཐོ་ཞིང་སྡོང་རྐང་ཕྲ་ལ་ཚོམ་བུ་ཚོམ་བུར་སྐྱེ་བའི་ཤིང་རིགས་ཤིག་ཡིན། ནམ་ཟླ་སྟོན་ཁར་སླེབས་ཚེ་གསེར་མདོག་གི་མེ་ཏོག་བཞད་རྒྱུ་ཡོད་ལ། བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་གྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། དམངས་ཁྲོད་ཀྱི་ངག་རྒྱུན་དུ། ཤིང་སྤེན་མ་སྐྱེས་ས་བྲག་གཡེབ་སྟེང་།། ཟེར་མི་རུང་དགོན་པའི་རྒྱན་ཆ་རེད།། ཅེས་ཤིང་སྤེན་མ་དགོན་པ་བཟོ་སྐྲུན་གྱི་རྒྱུ་ཆ་དང་མཛེས་རྒྱན་གལ་ཆེན་ཞིག་ཡིན་པའང་བསྟན་འདུག།

སྤེན་བད་ནི་སྤེན་མ་སྐམ་པོ་དུམ་བུར་བཅད་པ་དེ་རིང་ཐུང་སྙོམས་པོར་བསྒྲིགས་ནས་ཤོག་ཆུང་ཆུང་རེ་བསྡམས་ལ། ཤོག་གཉིས་བར་ལ་ཤིང་འཛེར་གྱིས་སྦྲེལ་རྗེས་རྩིག་པའི་སྟེང་དུ་ཚགས་དམ་པོར་བྱས་ནས་ཁྲུ་གང་ནས་གཉིས་ཙམ་བསྒྲིགས་པ་རྒྱབ་ཕྱོགས་སུ་རྡོ་ལེབ་རྩིགས་ནས་བརྟན་པོ་བྱས་ཡོད། འདི་ཡི་རྩིག་པའི་ལྗིད་ཚད་ཇེ་ཡང་གཏོང་ཐུབ་པར་མ་ཟད། མིག་ལ་ཤིན་ཏུ་མཛེས་པ་ཡིན། ཁ་མདོག་ངུར་སྨྲིག་ཅན་གྱི་སྤེན་བད་ནི་དགོན་པའི་བཟོ་སྐྲུན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ་དེས་ནད་མེད་ཚེ་རིང་དང་རླུང་རྟ་དར་བ། རིགས་རྒྱུད་འཕེལ་བ་བཅས་བཀྲ་ཤིས་སྨོན་འདུན་མཚོན། རྩོམ་སྒྲིག་པས་བསྡུས།


  • ལེ་ཚན་སྔོན་མ།:བྱ་ཚེ་རིང་གི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།