ཉག་རོང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དབུལ་ཕོངས་སློབ་མར་སློབ་ཞུགས་རོགས་སྐྱོར་སྒོར་ཁྲི4.7བྱིན།

ཡེ་ཤེས་ལྷ་མོ།        2017-09-08

     ཉེ་ཆར། ཉག་རོང་རྫོང་ཨུ་དང་སྲིད་གཞུང་། གོང་རིམ་བཟོ་ཚོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རྫོང་བཟོ་ཚོགས་ཀྱིས་ཕྱོགས་ཡོངས་མ་དངུལ་གྲབས་གསོག་བྱས་ཏེ་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི4.7བསྡུས་པ་རེད། རྫོང་བཟོ་ཚོགས་ཀྱིས་ཐོག་མར་ནན་ཏན་གྱི་སྒོ་ནས་རྫོང་ཡོངས་ཀྱི་ཆ་རྐྱེན་ཞན་པའི་དཀའ་ངལ་ཅན་གྱི་སློབ་མའི་ཁྱིམ་བདག་སྟེ་ཁྱིམ་ནང་ལས་ཡོད་མི་སྣ་མེད་པ་དང་། ཟུར་ལས་འོང་འབབ་མེད་པའི་སློབ་མའི་ཁྱིམ་བདག་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་གོང་རིམ་བཟོ་ཚོགས་ཀྱི་ཆ་རྐྱེན་དང་མཐུན་པའི་སློབ་མའི་ཁྱིམ་བདག་བདམས་ནས་སྒོར་ཁྲི4.7ཁ་བཤད་ལག་བསྟར་བྱས། 

     ཐེངས་འདིར་རོགས་སྐྱོར་ཐོབ་པའི་དཀའ་ངལ་ཅན་གྱི་སློབ་མ25ཡོད། དེའི་ནང2017ལོར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་དཀའ་ངལ་སློབ་མ5ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི2བྱིན་པ་དང་། སློབ་གྲྭ་ཆེན་མོར་འདོན་བཞིན་པའི་དཀའ་ངལ་སློབ་མ7ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི1.4བྱིན་ཞིང་། མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་འདོན་བཞིན་ཡོད་པའི་དཀའ་ངལ་སློབ་མ13ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི1.3བྱིན་པ་རེད།། 


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གི་བང་སྨད་ཤང་སྟོད་སྨད་པའི་གྲོང་དུ་བྱིས་པ་ཁང་དངོས་སུ་བཙུགས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་དར་མདོ་གྲོང་ཁྱེར་དུ་དགེ་རྒན་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།