ཀན་ལྷོས་སྐྱེ་ཁམས་ཀྱིས་འབྱོར་འབྲིང་ལམ་བུར་སྣེ་ཁྲིད་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།    2020-08-11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀན་ལྷོ་ཁུལ་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཤིང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་སྒྲིག་འཛུགས་ལག་བསྟར་བྱས་ཏེ“དཔལ་འབྱོར་རྗེས་འདེད་པ”ནས“སྐྱེ་ཁམས་སྣེ་ཁྲིད་པར”བསྒྱུར་ཞིང་། རིམ་པ་སོ་སོའི་རྩྭ་ཐང་གི་ལས་དོན་མི་སྣས་ཁྲིམས་ལྟར་རྩྭ་ཐང་སྲུང་སྐྱོང་དང་བེད་སྤྱོད་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་འཛུགས་སྐྲུན་བྱས་པ་བརྒྱུད་རྩྭ་ཕྱུགས་ཡུལ་སྐོར་གྱི་ཐབས་མང་མཉམ་སྤྱོད་ངང་རྩྭ་ཐང་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཚད་ལས་བརྒལ་གྱི་ཕྱུགས་ཟོག་ཇེ་ཉུང་དུ་བཏང་བས། ཁུལ་ཡོངས་སུ་རྩྭ་ཐང་རྒྱུན་མཐུད་ངང་འཕེལ་རྒྱས་དང་ཞིང་འབྲོག་པའི་ཡོང་འབབ་ལོ་རེར་འཕར་བ་མངོན་འགྱུར་བྱུང་། །

  • ལེ་ཚན་སྔོན་མ།:ལྷ་སར་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཐེངས་དང་པོ་གཉེར།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་2020ལོའི་སློབ་མར་རོགས་དངུལ་དང་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་553བཀོད་སྒྲིག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།