ཨ་འབྲུ་ནས་ཞིང་ཆེན་ཕྱི་ཕྱོགས་ལ་ཚོང་བྲིན་བྱུང་ནས་མི་སེར་ཕྱུག་འགྱུར་ལམ་དུ་སྐྱོད་པའི་རེ་བ་བསྐངས།

        2020-08-05

དཀར་མཛེས་རྫོང་གིས་དབུལ་ཐར་འགག་སྒྲོལ་བྱེད་པའི་གནས་ཚུལ་དངོས་བྲིས།

ཨ་འབྲུ་ནས་ཞིང་ཆེན་ཕྱི་ཕྱོགས་ལ་ཚོང་བྲིན་བྱུང་ནས་མི་སེར་ཕྱུག་འགྱུར་ལམ་དུ་སྐྱོད་པའི་རེ་བ་བསྐངས།

ཁམས་བྱང་འབྲུ་མཛོད།

      དཀར་མཛེས་རྫོང་ནི་རང་ཁུལ་གྱི་ཞིང་ལས་རྫོང་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་སུ་སྙན་པའི་གྲགས་པ་ཁྱབ་པའི་ནས་ཀྱི་ཚོང་རྫས་རྟེན་གཞིའི་ཡ་གྱལ་ཞིག་ཀྱང་ཡིན་ཞིང་། ལོ་ལྟར་ནས་འདེབས་ཁྱོན་མུའུ87795ལ་ཟིན་གྱི་ཡོད་པ་དང་ལོ་རེར་ནས་ཀྱི་ཐོན་ཚད་བསྡོམས་འབོར་ཏུན18614ལ་ཟིན་ཡོད།ནས་ཐོན་ཚད་ཀྱིས་ཁུལ་ཡོངས་ཀྱི་ནས་ཀྱི་ཐོན་ཚད་བསྡོམས་འབོར་ལས་བདུན་ཆའི་གཅིག་བཟུང་ཡོད་པར་བརྟེན“ཁམས་བྱང་འབྲུ་མཛོད”ཅེས་མཚན་སྙན་ཡོད་པ་རེད། འོན་ཀྱང་སྔོན་ནས་ད་བར་ལས་སྣོན་ཞིབ་ཚགས་བྱེད་མཁན་གྱི་ཁེ་ལས་མེད་པས་ནས་ཀྱི་ཐོན་རྫས་རིན་ཐང་དམའ་ཞིང་། མུའུ་རེའི་ཡོང་འབབ་སྒོར450ཙམ་ལས་མེད་པས་ཕྱིར་ཚོང་ཐབས་ལམ་ལ་ཚོད་འཛིན་ཐེབས་པས་མ་ཚད་ཞིང་པའི་འདེབས་འཛུགས་ཧུར་བརྩོན་ཞན་དུ་ཕྱིན་ནས་དབུལ་ཐར་འབབ་འཕར་ཡོང་རྒྱུར་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད།

     སྲོལ་རྒྱུན་ཞིང་ལས་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་ཆོག་པའི་ནུས་པ་སྔར་བས་ཇེ་དྲག་ཏུ་གཏང་ཆེད། ནས་ཀྱི་ཐོན་རྫས་ཚོང་ལས་སུ་བསྒྱུར་རྒྱུར་ཤུགས་སྣོན་བརྒྱབ་ནས་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ2018ལོར་དཀར་མཛེས་རྫོང་གིས་ཧྲང་ཧའེ་པད་མ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ“ལེགས་ཆ་གཏོད་རྒྱུར་དམིགས་ནས། མཚོན་རྟགས་གསར་གཏོད། ཁྱད་ཆོས་ཡོད་པ་དང་སྤུས་རྟགས་ལེགས་པ། མཉམ་འགུལ་གསར་སྐྲུན”གྱི་འདུ་ཤེས་གཙོ་བོར་ཆགས་པར་བྱས་མཐར། མཐོ་སྒང་གི་ནས་ཀྱི་ཐོན་ལས་ཀྱིས་གཙོ་བོ་བྱས་ཏེ་ནས་ཀྱི་རིག་གནས་དང་གེ་སར་རྒྱལ་པོའི་རིག་གནས་ཁྱད་ཆོས་མངོན་སུམ་ཐོན་པ་བྱས་ཤིང་། མ་དངུལ་སྒོར་ཁྲི7000བཏང་ནས་སྲིབ་ངོ་ཡུལ་ཤོག་ཏུ་ཁྲོན་བོད་ས་ཁོངས་ཀྱི་ཁྱད་ཆོས་དང་ཚན་རྩལ་གསོ་སྐྱོང་། ཐོན་རྫས་ལས་སྣོན། སྤྲོ་གསེང་ལྟ་སྐོར། གསར་གཏོད་ཞིབ་འཇུག་གསར་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ནས་ཀྱི་རིག་གནས་གླིང་ཁུལ་འཛུགས་སྐྱོང་བྱས་པ་རེད།།

      ད་ལོའི་དབྱར་སྟོད་དུ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གེ་སར་རིག་གནས་ཐོན་ལས་གླིང་ཁུལ་གྱི་མཛོད་ཁང་རྒྱབ་ན་སྲིབ་ངོ་ཡུལ་ཤོག་ཧོར་ཁོག་ནང་གྲོང་སྡེའི་གཞིས་མི་ཚེ་དབང་རིག་འཛིན་གྱིས་ལག་ཏུ་ནས་བཙོངས་པའི་སྒོར་མོ་ཁྱེར་ཞོར་འཛུམ་དམུལ་དམུལ་ངང་ནས་ཁྱེད་ཚོས་ཚོང་རའི་རིན་གོང་ལས་མཐོ་བའི་ནས་ཉོ་སྒྲུབ་བྱས་པས་མ་ཚད་ང་ཚོའི་ཕྱིར་ཚོང་དཀའ་བའི་དཀའ་གནད་ཐག་གཅོད་བྱས་སོང་།ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།ད་སྔར་ང་ཚོས་བཏབ་པའི་ནས་དེ་རྒྱ་མ་རེར་རིན་གོང་མཐོ་ཤོས་སུ་སྒོར1.5ལས་རག་མི་ཐུབ་ཀྱང་ད་ཆ་གྲོང་སྡེ་ཡོངས་ཀྱི་ནས་ཚང་མ་ཐོན་ལས་གླིང་ཁུལ་གྱིས་གཅིག་གྱུར་བྱས་ནས་ཉོ་སྒྲུབ་བྱས་མཐར་ང་ཚོའི་ཚོང་ལམ་གྱི་གནད་དོན་ཐག་གཅོད་བྱས་པ་དང་ནས་ཀྱི་རིན་གོང་ཡང་རྒྱ་མ་གང་ལ་སྒོར2.2ཀྱི་ཐོག་མཐོ་རུ་ཕྱིན་ཡོད་པ་རེད་ཅེས་ངོ་སྤྲོད་བྱས་པ་་རེད།

      ནས་ནི་གྲང་བཟོད་རང་བཞིན་ཆེ་བ་དང་སྐྱེ་ཡུན་ཐུང་བ། ཐོན་འབབ་སྔ་བ་བཅས་ཡིན་པས་མཐོ་སྒང་ས་ཁུལ་གྱི་འབྲུ་རིགས་ལོ་ཏོག་གཙོ་བོ་ཞིག་ཡིན་ཏེ། དཀར་མཛེས་རྫོང་གི་དབུལ་ཐར་གཏམ་རྒྱུད་གླེང་དུས་ནས་ནི་མ་གླེང་ཐབས་མེད་ཀྱི་གནས་སུ་གྱུར།

      ཁྲོན་ནུབ་མཐོ་སྒང་དུ་ཡོད་པའི་ནས་ཀྱི་ཐོན་ཚད་དེ་དཀར་མཛེས་ཁུལ་གྱི་བདུན་ཆ་གཅིག་ཙམ་བཟུང་གིན་ཡོད་པས་དཀར་མཛེས་རྫོང་ལ“ཁམས་བྱང་འབྲུ་མཛོད”ཅེས་མཚན་སྙན་ཡོད་པ་རེད། འོན་ཀྱང་སྔོན་ནས་ད་བར་ལས་སྣོན་ཞིབ་ཚགས་བྱེད་མཁན་གྱི་ཁེ་ལས་མེད་པས་ནས་ཀྱི་ཐོན་རྫས་རིན་ཐང་དམའ་ཞིང་། འོན་ཀྱང་ལོ་མང་རིང་ལས་སྣོན་ཞིབ་ཚགས་བྱེད་མཁན་གྱི་ཁེ་ལས་དཀོན་པ་དང་ནས་ཀྱི་ཐོན་རྫས་རིན་ཐང་དམའ་བ། ཕྱིར་ཚོང་ཐབས་ལམ་ལ་ཚོད་འཛིན་ཐེབས་པས་མ་ཚད་ཞིང་པའི་འདེབས་འཛུགས་ཧུར་བརྩོན་ཞན་དུ་ཕྱིན་ནས་དབུལ་ཐར་འབབ་འཕར་ཡོང་རྒྱུར་དཀའ་ངལ་འཕྲད་ཀྱིན་ཡོད།

     དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་ལུའེ་ཅན་ཕིང་གིས་གསར་འགོད་པར་ལོ་ཤས་གོང་ང་ཚོ་མི་སེར་གྱི་ཁྱིམ་དུ་འགྲོ་དུས་ཁོ་ཚོས་ནས་འབོར་ཆེན་གསོག་ཉར་བྱས་ཡོད་པ་ཤེས་བྱུང་།དུད་ཚང་སོ་སོས་ཉུང་ན་རྒྱ་མ་སྟོང་བདུན་བརྒྱད་ཙམ་དང་མང་ན་རྒྱ་མ་ཁྲི་ཁ་ཤས་བསགས་ཡོད་པ་མིག་མཐོང་ལག་ཟིན་རེད། འབྲུ་རིགས་གསོག་འཇོག་བྱས་ནས་རང་བྱུང་གི་གནོད་འཚེ་སྔོན་འགོག་བྱེད་པའི”སྲོལ་རྒྱུན་གྱི་འདུ་ཤེས་མངོན་པ་ཕུད། ནས་ཀྱི་ཉོ་སྒྲུབ་རིན་གོང་དམའ་པོ་ཡིན་པས་མི་སེར་ཚོས་ཕྱིར་ཚོང་བྱེད་འདོད་མེད་པ་རེད།

      ཞིང་དུད་དབུལ་ཐར་འབབ་འཕར་ཡོང་བ་བྱས་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱར་ཡོད། 2017ལོར་དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་བྱས་ནས་སྲོལ་རྒྱུན་ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། ང་ཚོས་ནས་ཀྱི་ཐོན་རྫས་རིན་ཐང་མཐོ་རུ་བཏང་ནས་་ཕྱིར་ཚོང་བྱ་རྒྱུ་ཡིན་ཞེས་བཤད།

      འོན་ཀྱང་ཐག་རིང་ལུང་ཁུག་དང་། མཐོ་གྲང་། ས་བབ་མཐོ་བ་བཅས་ཀྱི་ས་ཁུལ་དུ་ཚོང་འགུགས་མ་འདྲེན་བྱ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། 2017ལོ་ནས་བཟུང་དཀར་མཛེས་རྫོང་གིས་ལས་དོན་ཚོ་ཆུང་མང་པོ་ལྷ་ས་དང་ཀོང་ཀྲོའུ། ཧྲང་ཧའེ་སོགས་སུ་ནས་ཀྱི་བཟའ་བཅའ་ལས་སྣོན་ལ་རྟོག་ཞིབ་བྱེད་པར་བཏང་བ་དང་སྔ་རྗེས་སུ་ཧྲང་ཧའེ་རུ་ཁེ་ལས་དང་ངོ་འཕྲད་གྲོས་མོལ་ཐེངས་གསུམ་བྱས་ཡོད། འབད་བརྩོན་ཐེངས་མང་བྱས་པར་བརྒྱུད2018ལོར་དཀར་མཛེས་རྫོང་གིས་ཧྲང་ཧའེ་པད་མ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ནས་དཀར་རགས་ཡུལ་ཤོག་ཏུ་ཉོ་སྒྲུབ་དང་ལས་སྣོན། གསོག་ཉར། འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་གེ་སར་རིག་གནས་ཐོན་ལས་གླིང་བསྐྲུན་ཡོད། ཐོན་ལས་གཅིག་སྡུད་དང་ལེགས་བསྡུས་ཞིབ་གཉེར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱས་ཏེ་རྫོང་ཡོངས་ཀྱི་ནས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

     གླིང་ཁུལ་གྱི་ཐོན་སྐྱེད་འཁོར་ཁང་དུ་ལས་སྣོན་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་བཅས་ཏེ་ནས་འབྲུ་རེ་རེ་བཞིན་བརྔོས་མ་དང་སྡེབ་སྦྱོར། ཕྱེ་མ། བཟོ་དབྱིབས་བཟོ་བ་བཅས་བྱས་མཐར་བྲོ་བ་མི་འདྲ་བའི་ནས་དཀར་གོ་རེ་འདྲ་མིན་སྣ་ཚོགས་ཐོན་སྐྱེད་བྱས་དང་བྱེད་བཞིན་ཡོད་པ་རེད།

     ནས་དཀར་གོ་རེ་ཐོན་སྐྱེད་བྱ་ཡུལ་དུ་ན་གཞོན་ཞིག་གིས་འཕྲུལ་འཁོར་བཀོལ་སྤྱོད་བྱེད་བཞིན་འདུག ཁོའི་མིང་ལ་སངས་རྒྱས་མཁའ་འགྲོ་ཟེར།ཁོ་ནི་དཀར་རགས་ཡུལ་ཤོག་པན་ཏེ་ཀུའུ་གྲོང་སྡེའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་།ཁྱིམ་ཚང་དབུལ་བོ་ཡིན་པས་དམའ་འབྲིང་སློབ་མཐར་ཕྱིན་རྗེས་ཁོ་མོ་སློབ་མཚམས་འཇོག་དགོས་བྱུང་། ན་ནིང་སྲིད་གཞུང་གིས་འོས་སྦྱོར་བྱས་པ་བརྒྱུད་ཁོ་མོ་ནས་རིག་གནས་ཐོན་ལས་གླིང་དུ་ལས་ཀ་བྱེད་པར་ཡོང་ནས་ཟླ་རེར་གླ་ཕོགས་སྒོར3000བླངས་པ་རེད། ཕྱིས་སུ་སངས་རྒྱས་མཁའ་འགྲོ་ཧྲང་ཧའེ་རུ་སློབ་སྦྱོང་བྱེད་པར་མངགས། སྦྱངས་འབྲས་ཐོན་ནས་ཕྱིར་ལོག་རྗེས་དོ་དམ་མི་སྣར་གྱུར་པ་དང་གླ་ཆ་ཡང་དེ་དང་ཆབས་ཅིག་མཐོ་རུ་ཕྱིན་ཡོད། ད་སྔར་གླིང་ཁུལ་དུ་ས་གནས་དེ་གའི་མི་འབོར་དབུལ་པོ24ལས་ཞུགས་ཐུབ་པ་དང་མི་རེར་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར3000ལ་ཟིན་ཡོད།

     ཧྲང་ཧའེ་པད་མ་སྤྱི་གཉེར་ཁང་དཀར་མཛེས་རྫོང་གི་ཐོན་སྐྱེད་འགན་འཁུར་བ་ཝུའུ་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གླིང་ཁུལ་དེ་ན་ནིང་སྤྱི་ཟླ9པ་ནས་བཟུང་ཚོད་ལྟའི་གཉེར་སྐྱོང་བྱས་ནས་ཁྲོམ་རའི་རིན་གོང་ལས་མཐོ་བའི་ནས་ཉོ་སྒྲུབ་བྱས་པ་དང་།སྐྱེ་ལྡན་སྤྱི་གནོད་མེད་པའི་ནས་ཀྱི་བག་ལེབ་དང་ནས་ཕྱེ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ལས་སྣོན་བྱེད་བཞིན་ཡོད།དྲྭ་ཐོག་དང་ཚོང་ལམ་གཞན་དག་གི་ཕྱིར་ཚོང་བྱེད་སྟངས་སྤྱད་དེ་ས་གནས་ཁག་ལ་ཐད་ཚོང་བྱེད་ཀྱིན་ཡོད་པས་ད་ལྟར་སི་ཁྲོན་ནས་ཐོན་ཏེ་ཧྲང་ཧའེ་དང་ཐ་ན་རྒྱལ་ཡོངས་ཀྱི་ཁྲོམ་རར་སླེབས་ཐུབ་ཀྱིན་ཡོད།

     ནས་རིག་གནས་ཐོན་ལས་གླིང་གཉེར་སྐྱོང་བྱེད་མགོ་ཚུགས་པ་དེ་ནི་དཀར་མཛེས་རྫོང་གིས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་བསྡུས་རིས་ཤིག་ཡིན་ཞིང་།དཀར་མཛེས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་དབྱང་ཀྲི་ཀང་གིས་ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས“ཞིང་ལས་འཚམ་སར་ཞིང་ལས་དང་འབྲོག་ལས་འཚམ་སར་འབྲོག་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར་བྱེད”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཐོན་ལས་ཆེན་པོས”འཕེལ་རྒྱས་གཏོང་བའི་དཀའ་གནད་སེལ་བ་རེད། མ་དངུལ་སྒོར་དུང་ཕྱུར6.3བཏང་ནས་གྲོང་སྡེ་དབུལ་པོའི“ས་སྐྱོར”ཐུན་མོང་དཔལ་འབྱོར་གྱི་དངོས་ཚན་ཏེ་གེ་སར་རྒྱལ་པོའི་མཁར་རྫོང་དང་གྲོང་སྡེ་བརྒྱའི་ཐོན་ལས་རྟེན་གཞི་བཏོད་དེ་རྫོང་ཡོངས་ཀྱི་གྲོང་སྡེ་དབུལ་པོར་ཐད་ཀར་ཡོང་འབབ་སྒོར་ཁྲི1100འཕར་བ་དང་། ཐོན་ལས་འབྲིང་གྲས་ཀྱིས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་བ།ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གེ་སར་རིག་གནས་ཐོན་ལས་གླིང་བཙུགས་ཏེ་གླིང་ཁུལ་དུ་ཁྱོན་ཡོངས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི13365.6ལ་ཟིན་རྒྱུ་ཡིན་པ་དང་།འདེབས་འཛུགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར3310ཡོང་རྒྱུར་སྐུལ་ཁྲིད་བྱས་པ།“ཐོན་ལས་ཆུང་བ”རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི5918བཏང་ནས་རྫོང་ཡོངས་ཀྱི་གྲོང་སྡེ་དབུལ་པོ129རུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་བསྐྲུན་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར1000ནས2000བར་དཔེ་སྟོན་སྣེ་ཁྲིད་བྱས་ཡོད།

    འདི་ལོའི་ཟླ་བ2པར་དཀར་མཛེས་རྫོང་དེ་རྫོང་དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱས་ཡོད་ཅིང་།དཀར་མཛེས་ཀྱི་བུ་ཕྲུག་ཚོ་དབུལ་ཕོངས་ལས་ཐར་ཏེ་གངས་ལྗོངས་ས་མཐོ་ནས་གོམ་སྟབས་ཆེན་པོས་ཕྱུག་འགྱུར་འབྱོར་འབྲིང་གི་ཕྱོགས་སུ་གོམ་ཁ་བསྒྱུར་བཞིན་མཆིས།།


  • ལེ་ཚན་སྔོན་མ།:ARJ21གནམ་གྲུ་འདབ་པ་ཉི་སྟེན་གནམ་གྲུ་ཐང་དུ་ཆེད་དོན་ཚོད་ལྟའི་འཕུར་སྐྱོད་ལེགས་འགྲུབ་བྱུང་།
  • ལེ་ཚན་རྗེས་མ།:ཁྱད་ཆོས་ཐོན་ལས་དར་རྒྱས་བཏང་ནས་མང་ཚོགས་ཕྱུག་འགྱུར་ལམ་དུ་སྐྱོད་དུ་བཅུག
  • དོ་སྣང་ཆེ་བའི་རྩོམ།