སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།

བཀྲ་ཤིས་ཕུན་ཚོགས་ཀྱིས་པར་བླངས།        2017-08-30

སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
 

    སྤྱི་ཟླ8པའི་ཟླ་མཇུག་ལ་སླེབས་ཚེ། བོད་ཡུལ་གྱི་རོང་ས་ཀུན་ཏུ་སྟོན་བསྡུའི་ཚ་རླབས་ཤིག་དགུང་དུ་འཕྱུར་བཞིན་པ་སྟེ། གསེར་མདོག་གི་ཞིང་ས་གཤིན་པོ་རུ་འབྲུ་སྣ་ལྔའི་མགོ་བོ་དུད་ཅིང་། ལོ་ལེགས་ཀྱིས་ཡིད་སེམས་སྤྲོ་བའི་རོང་ཡུལ་གྱི་རྒན་དར་གཞོན་གསུམ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གནམ་ཐང་པའི་སྐབས་དང་བསྟུན་ཏེ་སྟོན་ཐོག་བརྔ་བསྡུའི་ལས་ལ་བྲེལ་བཞིན་ཡོད།

སྟོན་ཐོག་བརྔ་བཞིན་པ།

སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།

    དེ་ཡང་མིག་སྔར་ཚན་རྩལ་འཕེལ་རྒྱས་ཀྱིས་འཕྲུལ་ཆས་མི་གཤིས་ཅན་དུ་གྱུར་བའི་དུས་རབས་འདིར་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་རིགས་སྣ་མང་ཞིག་འཕྲུལ་ཆས་ཀྱིས་ཚབ་བྱས་ནས་ལས་བཞིན་ཡོད་པ་དང་། རོང་ཡུལ་གྱི་ས་ཆ་མང་པོ་ཞིག་གི་སྟོན་ལས་ཐད་ནས་ཀྱང་འཕྲུལ་ཆས་ཀྱིས་བརྔ་སྡུད་རྡུང་གསུམ་བཅས་གོ་ཅིག་ཆོད་ཀྱིས་དུས་ཡུན་ཐུང་ངུ་ཙམ་གྱིས་སྟོན་ལས་འགྲུབ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་མི་ཉག་གི་ས་ཆ་ལ་ལར་ད་དུང་སྲོལ་རྒྱུན་སྟོན་ལས་ཀྱི་རྒྱུན་མ་ཉམས་པར་ཡོད་དེ། འདིར་ཆེད་དུ་དར་མདོ་གྲོང་ཁྱེར་བོན་པོ་གཤིས་ཤང་རི་ཐོ་སྡེ་བས་སྟོན་ལས་ལ་བྲེལ་བཞིན་པའི་པར་རིས་འགའ་འཚམས་སྦྱོར་བྱེད་པ་ལགས།

ནས་བམ་བསྡམས་ནས་ཁུར་བཞིན་པ།

སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།

ནས་རྡུང་བཞིན་པ།

སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།
སྟོན་ལས་ལ་བྲེལ་བཞིན་པའི་མི་ཉག་པ།


  • ལེ་ཚན་སྔོན་མ།:གེ་སར་གྱི་ཕ་ཡུལ་ནས་གེ་སར་གྱི་རང་བྱོན་བྲག་སྐུ་ཞིག་རྙེད།
  • ལེ་ཚན་རྗེས་མ།:༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས་བཅུ་བདུན་པ་སྒོར་ཐོན་ཡོད།
  • དོ་སྣང་ཆེ་བའི་རྩོམ།