ཁུལ་ཡོངས་ཀྱི་སྐོར་ཞིབ་གནད་དོན་དག་ཐེར་དང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2020-07-29

ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས། ལི་ཁང་དང་བྱང་ཆུབ་ཚོགས་འདུའི་ནང་ཞུགས།


ཁུལ་ཡོངས་ཀྱི་སྐོར་ཞིབ་གནད་དོན་དག་ཐེར་དང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས།

   སྤྱི་ཟླ7པའི་ཚེས23ཉིན་ལ་ཁུལ་ཡོངས་ཀྱི་སྐོར་ཞིབ་གནད་དོན་དག་ཐེར་དང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཡོད། གྱོད་དོན་གྱིས་ཉེན་བརྡ་གཏོང་བ་དང་གྱོད་དོན་གྱིས་བསླབ་བྱར་བྱེད་པ། གྱོད་དོན་གྱིས་ཡོ་བསྲང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རུལ་རྒོལ་འགྱུར་འགོག་གི་རྩ་བ་དེ་དམ་པོ་འཛིན་པ་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པར་ཆབ་སྲིད་དང་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱས་པ་རེད།

    ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྲུང་སྐྱོང་གཉིས་ཀྱི་བྱ་སྤྱོད་དང་ལས་ཀའི་ནང་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏང་དགོས། ཁུལ་དང་རྫོང﹙གྲོང་ཁྱེར﹚དུ་སྐོར་བཤེར་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏང་དགོས། གནད་དོན་ལ་དམིགས་ནས་སྐོར་ཞིབ་བྱ་དགོས། གནད་དོན་དོན་ཚན་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུ་དང་དོན་དག་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་དགོས། སྤུས་ཚད་མཐོ་བའི་དག་ཐེར་གྱི་གྲུབ་འབྲས་ལ་བརྟེན་ནས་གཙོ་གནད་ལས་དོན་ཁག་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་རྒྱུར་སྐུལ་འདེད་གཏང་དགོས། ཁུལ་ཡོངས་ཀྱི་ཆབ་སྲིད་དཔལ་ཡོན་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྡོག་ལེན་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་སྐོར་ཞིབ་རྩིས་སྤྲོད་བྱས་པའི་གནད་དོན་གྱི་ཁུངས་སྣེའི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་བཏང་བ་རེད། ཚོགས་འདུ་མ་འཚོགས་གོང་ཚོགས་ཞུགས་མི་སྣས་དཀར་མཛེས་ཁུལ་དུ་སྐོར་ཞིབ་བྱས་པའི་དཔེ་མཚོན་གྱོད་དོན་གྱི་ཉེན་བརྡའི་སློབ་གསོའི་གློག་བརྙན《རལ་གྲི་རྣོན་པོ་ཤུབས་ནས་འདོན》ཞེས་པ་གཅིག་བསྡུས་ཀྱིས་བལྟས་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་ནས་འབྱོར་བའི་འཕྲིན་བཟང་།
  • ལེ་ཚན་རྗེས་མ།:རང་ཁུལ་ལ་དཔལ་འབྱོར་ཅུང་འཕར་སྣོན་ཡོང་བའི་རྣམ་པ་མངོན་འགྱུར་བྱུང་།
  • དོ་སྣང་ཆེ་བའི་རྩོམ།