ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་མཁའ་དམག་མཁའ་འགྲུལ་སློབ་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2020-07-28

ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་མཁའ་དམག་མཁའ་འགྲུལ་སློབ་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་།

ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་མཁའ་དམག་མཁའ་འགྲུལ་སློབ་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྒྱད་གཅིག་དམག་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གསུམ་ཉིན་མཁའ་དམག་མཁའ་འགྲུལ་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས།  སློབ་གྲྭའི་དགེ་སློབ་དང་ལས་བཟོ་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་ཞུས་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་དགོས། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱ་དགོས། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱས་ནས་སློབ་གཉེར་མི་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སློབ་གྲྭ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བསྐྲུན་དགོས།
        ཞི་ཅིན་ཕིང་གིས་སློབ་གྲྭའི་ལས་དོན་སྙན་ཞུར་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་བསྟུན་དགོས། སློབ་གཉེར་ངེས་གནས་ལ་དམ་པོར་དམིགས་ཏེ་རྩེ་རིམ་ཇུས་འགོད་དང་ཕུགས་ཀྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་དེ་འཕེལ་རྒྱས་ཀྱི་འཆར་འགོད་དང་དངོས་དོན་གཉེར་བའི་བྱེད་ཐབས་སུ་བསྒྱུར་བ་དང་། སློབ་གཉེར་སློབ་སྐྱོང་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱེད་དགོས། འཕུར་སྐྱོད་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་ཐབས་ལམ་ཇེ་ལེགས་སུ་གཏོང་བ། གསོ་སྦྱོང་མ་ལག་འཐུས་ཚང་དུ་བཏང་ནས་གསོ་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་མཁའ་དམག་མཁའ་འགྲུལ་སློབ་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་།

        ཞི་ཅིན་ཕིང་གིས་བསྟན་དོན། སློབ་གླིང་དང་སློབ་གྲྭ་དང་དཔུང་སྡེའི་འབྲེལ་མཐུད་དེ་ཙམ་གྱིས་གནད་ཁེལ་ཡོང་བར་བྱེད་དགོས། སློབ་ཁང་དང་གཡུལ་ས་སྦྲེལ་མཐུད་ཇི་ཙམ་དམ་ཟབ་བྱུང་ན། གསོ་སྐྱོང་བྱས་པའི་ཤེས་ལྡན་མི་སྣ་དེ་ཙམ་གྱིས་འགྲིག་གི་ཡོད། དངོས་འཐབ་ལ་དམིགས་པ་དང་སློབ་ཁྲིད་ལ་རྒྱལ་ཁ་ལེན་པར་དམིགས་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དམིགས་ཏེ། སློབ་ཁྲིད་ནི་དམག་འཐབ་དང་སྦྱོང་བརྡར་ནི་དམག་འཐབ་ཏུ་བྱེད་དགོས། དེང་རབས་ཀྱི་དམག་འཁྲུག་སྤྱི་དང་ལྷག་པར་དུ་དེང་རབས་ཀྱི་མཁའ་ཐོག་དམག་འཁྲུག་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། དམིགས་ས་ཡོད་པའི་སྒོ་ནས་རིག་ཚན་ཆེད་ལས་ཇེ་ལེགས་སུ་གཏོང་བ་དང་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། སྦྱོང་བརྡར་བྱེད་སྟངས་གསར་གཏོད་བྱེད་པ། བྱ་ཐབས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སློབ་གསོ་སྦྱོང་བརྡར་གྱི་སྤྱི་ཡོངས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་དང་དམག་འཐབ་ཀྱི་དོན་དུ་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དམག་དཔུང་གི་བླ་སྲོག་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དམག་འཐབ་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། འཕུར་སྐྱོད་སློབ་མའི་བསམ་བློ་ཆབ་སྲིད་དང་དམག་དོན་ཆེད་ལས། ཚན་རིག་རིག་གནས། ལུས་པོའི་སེམས་ཁམས་སོགས་ཀྱི་བྱང་ཚད་ཀྱི་རྨང་གཞི་ཁྱོན་ཡོངས་ནས་ཇེ་བརྟན་དུ་བཏང་སྟེ། དམག་མིའི་ཐོག་མའི་དུས་དང་འཕུར་བའི་དུས་ཀྱི་ཕུགས་འདུན་ཏན་ཏིག་ངང་སྤེལ་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཁའ་དམག་ཚུལ་སྒྱུར་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས་བསམ་གཞིག་འདུ་ཤེས་གསར་བརྗེས་དང་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་། དམག་དོན་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག རྒྱལ་སྲུང་ཚན་རྩལ་གསར་གཏོད་སོགས་ཀྱི་ཐད་བྱས་རྗེས་ཧུར་ཐག་འཇོག་དགོས། འཛམ་གླིང་གི་དམག་དོན་གསར་བརྗེ་གསར་པའི་འཕེལ་ཕྱོགས་ཀྱི་རྗེས་སུ་འབྲངས་ནས་གསར་དར་ཁྱབ་ཁོངས་ལ་ཤུགས་སྣོན་རྒྱག་དགོས། མདུན་གྲལ་གྱི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཤེས་ལྡན་པ་གསར་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཐབ་འཛིང་གི་ནུས་པ་གསར་པ་མགྱོགས་མྱུར་སྐྱེད་སྲིང་དང་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མཁའ་དམག་དང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ནས་སློབ་གྲྭའི་ལས་དོན་ཁག་ཚང་མས་སྲ་ཞིང་བརྟན་ལ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུའི་འགན་ལེན་བྱེད་དགོས། ཁྲིམས་ལྟར་སློབ་གྲྭ་སྐྱོང་བ་དང་སློབ་གྲྭ་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་བསྒྲུབས་ནས་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། རིམ་པ་ཁག་གིས་ཞབས་ཞུའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་དགེ་སློབ་དང་ལས་བཟོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ། ལས་སྒྲུབ་ལས་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱེད་དགོས་ཞེས་གསུངས།
        མཇུག་ཏུ་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་དགོས། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ལས་དོན་དང་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་གཏན་ལ་ཕབ་པའི་ལས་འགན་ཧུར་ཐག་སྒྲུབ་དགོས་པ་ནན་གྱིས་གསུངས།    ཞུས་ཆི་ལེང་སོགས་བྱེད་སྒོར་ཞུགས།  །

  • ལེ་ཚན་སྔོན་མ།:སྐད་འཕྲིན་ལ་བརྟེན་ནས་མགོ་སྐོར་བར་གཟོབ།
  • ལེ་ཚན་རྗེས་མ།:གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག
  • དོ་སྣང་ཆེ་བའི་རྩོམ།