ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབུལ་དགོས།༼༣༽

        2017-08-29

  

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། སྒྲིག་སྲོལ་དང་ནང་སྲོལ་གྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་ནས་མ་བསྐུལ་དང་བླངས་ཀྱིས་འགན་འཁྲི་འཁུར་ཞིང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་གྱིས་ལས་ཀ་དོན་ཐོག་ཧུར་ཐག་འཁྱོལ་བར་བྱ་དགོས། ཁོང་གིས་བསྟན་དོན། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀའི་ཁྱབ་རྒྱ་ཆེ་ཞིང་ལས་ཚད་ཆེ་བ་དང་། རྒྱུད་རིམ་རང་བཞིན་ཆེ་བས་འབྲེལ་ཡོད་ཀྱི་ལམ་ལུགས་ནང་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་བ་ནི་ལས་ཀ་གོ་རིམ་དང་སྒྲིག་ལམ་ཡོད་པས་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཡིན། གཅིག་ནི་རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་ཁག་དང་སྡེ་ཁག་གིས་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། མ་བསྐུལ་དང་བླངས་ཀྱིས་མཐོ་རིམ་ཇུས་འགོད་ཡག་པོ་བྱས་ཏེ་རྩ་འཛུགས་དང་གཅིག་གྱུར་འཆར་འགོད། མཐུན་སྦྱོར་བཅས་ཀྱི་ཐད་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀ་དང་ཀུན་ནས་འཕྲོད་ཐུབ་པ་ཁག་ཐེག་བྱེད་ཅིང་། ཏང་ཨུས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་ཏང་སྲིད་ཀྱིས་མཉམ་འཛིན་སྤྱི་སྒྲུབ་བྱེད་པ། སྡེ་ཚན་གྱི་མཉམ་འབྲེལ་གཞོགས་འདེགས་བྱས་པའི་རྩ་འཛུགས་ཀྱི་འགོ་ཁྲིད་མ་ལག་ཆགས་པར་བྱ་དགོས། གཉིས་ནི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་ཁག་དང་སྡེ་ཁག་གིས་དུས་ཚོད་དམ་འཛིན་བྱས་ནས་ལས་ཀའི་འཆར་འགོད་བཟོ་བ་དང་རིམ་པ་བཞིན་ལས་འགན་བགོས་པ་དང་གཅིག་གིས་གཅིག་ལ་གནོན་ཤུགས་བསྣན་དགོས། ཏང་སྲིད་ཀྱི་འགན་ཁུར་མཁན་གཙོ་བོའི་བློ་མཐུན་གྱིས་འགན་འཁྲི་མི་སྣ་དང་པོའི་འགན་འཁུར་དགོས་པ་དང་། འགན་འཁྲི་ཡོད་པའི་འགོ་ཁྲིད་ཁག་གིས་འགན་འཁྲི་ལེགས་སྒྲུབ་བྱ་དགོས། སྣེ་ཁྲིད་ལས་ཁུངས་ཀྱིས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དམ་འཛིན་བྱེད་ཅིང་། འགན་འཁྲི་ལས་ཁུངས་ཀྱིས་མཉམ་ལས་གཞོགས་འདེགས་བཅས་བྱས་ཏེ་རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་དང་རིམ་པ་སོ་སོས་ལས་ཀ་དོན་ཐོག་འཁྱོལ་བའི་འགན་འཁྲིའི་མ་ལག་ཆགས་པར་བྱ་དགོས། གསུམ་ནི་ལྟ་སྐུལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏང་དགོས། ལས་གཞི་གཙོ་བོ་དང་ལས་ཀ་གཙོ་བོ། ལས་འགན་གལ་ཆེན་བཅས་ལ་དམིགས་ནས་ཞིབ་དཔྱད་བྱེད་ཐབས་གཏན་འབེབས་བྱས་ཏེ་ལྟ་སྐུལ་ཞིབ་དཔྱད་ཀྱིས་བསམ་པའི་ངར་ཤུགས་སློང་བ་དང་ལས་ཀ་གཙོ་བོར་དམིགས་པ་གཏད་པ། ལས་ཀ་ཕྱིར་འདེད་བྱས་ནས་དོན་འཁྱོལ་བྱེད་པ། ལས་ཀར་སྐུལ་འདེད་བཅས་གཏང་དགོས། བཞི་ནི་འགན་འདྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྩ་འཛུགས་སྡེ་ཚན་གྱིས་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འགན་འདྲི་བདའ་འདེད་ལམ་ལུགས་བཙུགས་ཏེ་འགན་འདྲི་བདའ་འདེད་བྱེད་ཤུགས་ཇེ་ཆེར་གཏང་དགོས།

   ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། རིམ་ཁག་དང་སྡེ་ཁག་གིས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ལ་དམིགས་ནས་མིག་སྔའི་ལས་ཀ་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས། གཅིག་ནི་ལོ་འགོར་གཏན་འབེབས་བྱས་པའི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་། ཏང་འཛུགས་སོགས་ཀྱི་དམིགས་འབེན་ལས་འགན་ཁག་ལ་དམིགས་ནས་དོ་དོ་དན་དན་གྱིས་ཧེ་བག་འཚོལ་བ་དང་ཞན་ཆ་ཁ་གསབ། བྱེད་ཐབས་བསྣན་པ། ལས་ཡུན་ལྡོག་རྩིས། འཆར་རིས་བཀལ་ནས་ལས་ཀ་བསྒྲུབ་དགོས། ཁྱད་པར་དུ་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་མ་དངུལ་འཇོག་པར་སྐུལ་སྤེལ་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གནད་འགག་ཅན་ཞིག་བརྩིས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས། གཉིས་ནི་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་དོན་ཆེན་ནང་གི་འགངས་ཆེན་དུ་བཞག་ནས་ལོ་འགོའི་དམིགས་འབེན་ལས་འགན་དང་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་བཀོད་སྒྲིག་འཆར་གཞི་ལྟར་སྔར་ལྷག་གིས་ཚང་བཤེར་ཆད་གསབ་དང་བྱེད་ཐབས་བསྣན་ཏེ་ད་ལོར་ལྕགས་ཟམ་རྫོང་གི་དབུལ་ཞྭ་ཕུད་པ་དང་དབུལ་ཕོངས་གྲོང་སྡེ366དབུལ་པོའི་གྲོང་སྡེ་ལས་ཕྱིར་འཐེན་པ། དབུལ་ཕོངས་དུད་ཚང11787དང་དབུལ་པོ48524དབུལ་ཐར་ཐུབ་པའི་དམིགས་འབེན་དུས་ཐོག་འགྲུབ་པར་ཁག་ཐེག་བྱ་དགོས། གསུམ་ནི་ལས་གཞིར་མ་དངུལ་འཇོག་ཤུགས་ཇེ་ཆེར་བཏང་སྟེ་སྐྲུན་བཞིན་ཡོད་པའི་ལས་གཞི་དང་ལས་གཞི་གསར་པ་འགོ་འཛུགས་པའི་ལས་ཀ་དམ་འཛིན་བྱས་ཤིང་མ་དངུལ་འཇོག་གྲངས་ཇེ་མང་དང་དངོས་པོའི་མ་འཇོག་དེ་བས་མང་པོ་ཆགས་སུ་འཇུག་དགོས། བཞི་ནི་ཐོན་ལས་གཙོ་བོ་གསོ་སྤེལ་ཇེ་ཆེར་བྱས་ཏེ་དཀར་མཛེས་ཁུལ་གྱི་ཟོང་རྟགས་ཀྱི་སྐད་གྲགས་ཁྱབ་པར་བྱས་ཤིང་མཐུན་རྐྱེན་ལེགས་པའི་ཐོན་ལས་ཇེ་ཆེར་གཏང་དགོས།   ལྔ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ཆེན་གྱིས་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་བྱས་པའི་ཕྱིར་ལྡོག་གནད་དོན་དག་ཐེར་དང་ལེགས་བཅོས་ཡག་པོ་བྱེད་ཅིང་ཕྱི་མིག་བལྟ་བའི་ལས་ཀ་ལེགས་བསྒྲུབས་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་དག་བཅོས་བྱས་ཟིན་པའི་གནད་དོན་བསྐྱར་ལོག་འབྱུང་བར་སྔོན་འགོག་བྱ་དགོས།  ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་གནམ་སྔོན་མོ།  ས་ལྗང་ཁུ།  ཆུ་གཙང་མའི་སྐྱེ་ཁམས་ཀྱི་རང་མདངས་སྲུང་སྐྱོང་བྱ་དགོས།  དྲུག་ནི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་ལས་གྲྭ་དང་པོ་མངོན་གསལ་བྱས་ཏེ་འགན་འཁྲི་མགོ་ཐོག་སླེབས་པ་དང་བླང་བྱ་དོན་ལ་གནས་པ། ཞིབ་དཔྱད་དོན་ལ་འཁེལ་བ།  ལས་ཀ་དོན་ཐོག་འཁྱོལ་བ་བཅས་བྱ་དགོས། ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་དང་ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱེད་ཁུལ་བར་གྱི་ལས་ཀའི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་ཞིང་ནུས་ཤུགས་ཡོད་དགུས་རོགས་སྐྱོར་ལས་གཞི་དང་མ་དངུལ་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་དགོས།  བདུན་ནི་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་རྒྱུན་རྣམ་ཅན་དུ་སྐུལ་འདེད་ཟབ་སྤེལ་བྱས་ཏེ་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།  བརྒྱད་ནི་བདེ་འཇགས་ཐོན་སྐྱེད་ལས་ཀར་དམ་འཛིན་ཧུར་ཐག་བྱས་ཏེ་དུས་ཚིགས་གཙོ་བོའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོར་ཡོང་བར་ཁག་ཐེག་བྱ་དགོས།  དགུ་ནི་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ཟབ་སྤེལ་བྱས་ཏེ་རྒྱུན་ཆད་མེད་པར་དཀར་མཛེས་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།   བཅུ་ནི་སྤྲོ་སེམས་ཆེན་པོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་རྒྱུ་དེ་ལོ་སྨད་ཀྱི་ཁུལ་ཡོངས་ཀྱི་ལས་ཀའི་གཙོ་ཕྱོགས་བྱ་དགོས།   ཆབ་སྲིད་ཀྱི་ལངས་གནས་དང་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་ཞིང་།    སྔ་ཚེར་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་བྱེད་པའི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་ཡག་པོ་བྱས་ཏེ་དེ་མ་ཐག་བརྒྱུད་སྒྲོག་སློབ་སྦྱོང་དང་དྲིལ་བསྒྲགས་གསལ་བཀྲོལ་བྱ་ཐུབ་པ་ཁག་ཐེག་བྱ་དགོས། ཁོར་ཡུག་ཡག་པོ་བསྐྲུན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་དཀར་མཛེས་ཁུལ་དུ་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་སྐུལ་འདེད་ཧུར་ཐག་བྱ་དགོས་སོ།།  

 


  • ལེ་ཚན་སྔོན་མ།:ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབ
  • ལེ་ཚན་རྗེས་མ།:གེ་སར་གྱི་ཕ་ཡུལ་ནས་གེ་སར་གྱི་རང་བྱོན་བྲག་སྐུ་ཞིག་རྙེད།
  • དོ་སྣང་ཆེ་བའི་རྩོམ།