བོད་ཀྱི་བཙུན་མ་གླིང་སྒྲུང་བ་མདོ་ཟླ་གསལ་དབང་མོ།

སྨིན་དབུས་པོ།    གླིང་གེ་སར་རིག་གནས་དྲ་ཚིགས།    2011-06-03

བོད་ཀྱི་བཙུན་མ་གླིང་སྒྲུང་བ་མདོ་ཟླ་གསལ་དབང་མོ།བོད་ཀྱི་བཙུན་མ་གླིང་སྒྲུང་བ་མདོ་ཟླ་གསལ་དབང་མོ།
 

(སྤྱི་ལོ ༡༩༢༨ ལོར)མགོ་ལོག་རྨ་ཆེན་ཁྲ་ཚང་གནས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་བཤེས་གཉེན་བརྟེན་པ་ཙམ་གྱིས་ཡི་གེ་འབྲི་ཀློག་སོགས་རིག་གནས་ཀྱི་རྨང་གཞི་འབད་མེད་དུ་ཐོབ་པའི་མཁྱེན་རབ་ཅན་དུ་གྱུར་པ་དང༌། དགུང་གྲངས་ཉེར་གཉིས་ཀྱི་དུས་སུ་མདོ་ཁྱིམ་ཆེན་གྱི་རྒྱུན་འཛིན་དང་སྲིད་འབྱོར་ཐམས་ཅད་རྩྭ་བཞིན་དོར་ཏེ། མཚན་ལྡན་གྱི་གཤེས་གཉེན་ལས་སྐུ་རབ་ཏུ་བྱུང༌། རིམ་བཞིན་བོད་ཀྱི་གསོ་བ་རིག་པ་ཆེད་སྦྱོང་གནང་བ་སོགས་ཁོང་གི་སྐུ་ཚེ་རྒྱུད་རིམ་ཁྲོད་དུ་རླབས་ཆེ་བའི་མཛད་པ་རྣམ་ཐར་མཆོག་ཏུ་ཆེ་མོད། གཞན་དུ་གསལ་བའི་འདིར་རྒྱས་སྤྲོས་མི་བྱ། ཁོང་ལ་ཡི་དམ་ལྷག་ལྷ་སོ་སོའི་གསོལ་འདེབས་བསྟོད་པ་སོགས་གསུང་ཆོས་མང་ལ། ལྷག་པར་དུ་གླིང་གེ་སར་གྱི་རྣམ་སྒྲུང་ལ། 《འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་ལས་ཧོར་འདུལ་གྱི་རྟོགས་པ་བརྗོད་པ་གཡུལ་རྒྱལ་ལྷའི་རྔ་སྒྲ》 《རིག་འཛིན་པདྨའི་རྣམ་རོལ་སེང་ཆེན་སྐྱེས་བུ་དྲན་གླུ་ཁུ་བྱུག་མགྲིན་གླུ》《 གེ་སར་སྐྱེས་བུ་ཆེན་པོའི་མངའ་གསོལ》 《གེ་སར་འཕྲིན་སྐུལ》《གླིང་གེ་སར་རྒྱལ་པོའི་རྣམ་ཐར་རགས་བསྡུས》 གཞན་སྤྱི་དཔོན་དང་དཔའ་ལྷ་སེང་སྟག་སོགས་གླིང་གི་གསོལ་མཆོད་ཀྱི་རིགས་སོགས་གླིང་གེ་སར་སྐོར་ཀྱི་གསུང་ཆོས་པོད་གཅིག་བཞུགས། རྗེ་བཙུན་མ་ཁོང་ད་ལྟ་ཡང་སྐུ་དངོས་སུ་བཞུགས་ལ། ཁོང་ནི་བོད་ཀྱི་བུད་མེད་བཙུན་མའི་ཁྲོད་ནས་གླིང་སྒྲུང་འབྲི་བཞེངས་གནང་མཁན་གྱི་མི་སྣ་བཀའ་དྲིན་ཅན་ཞིག་ལགས་སོ། །
  • ལེ་ཚན་སྔོན་མ།:སྒྲུང་པ་གྲགས་ཅན་གུ་རུ་རྒྱལ་མཚན།
  • ལེ་ཚན་རྗེས་མ།:གཏེར་སྒྲུང་མཁན་པོ་ཉི་མ་རང་ཤར།