བོད་ཀྱི་ཆེས་ཐོག་མའི་དྲྭ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་སྒོ་ཕྱེ།

        2020-07-24

བོད་ཀྱི་ཆེས་ཐོག་མའི་དྲྭ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་སྒོ་ཕྱེ།

    སྤྱི་ཟླ༧པའི་ཚེས༢༣ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་བགྲང་བྱ་གཅིག་ལྷག་གི་རིང་ལ་འབད་བརྩོན་བྱས་པར་བརྒྱུད། རྒྱལ་ནང་གི་ཆེས་ཐོག་མའི་དྲྭ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་སྟེ་གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུའི་ཚོད་ལྟའི་མ་ལག་དངོས་སུ་སྒོ་ཕྱེ་ཡོད་ཅིང་། རྒྱུས་ལོན་བྱུང་བ་ལྟར་ན། གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུ་འདི་ནི་བོད་ཁུལ་གྱི་ཆེས་ཐོག་མའི་གཞུང་གཉེར་གྱི་དྲྭ་ཐོག་དཔེ་ཀློག་སྟེགས་བུ་དེ་ཡིན་འདུག་ལ། ཉིན་འགའི་དུས་ཡུན་ནང་འཛད་སྤྱོད་པ་དང་ཀློག་པ་པོ་གང་མང་གིས་སྟེགས་བུ་འདི་བརྒྱུད་ནས་དཔེ་ཀློག་གནང་བཞིན་འདུག།

བོད་ཀྱི་ཆེས་ཐོག་མའི་དྲྭ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་སྒོ་ཕྱེ།

     གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུ་འདི་ནི་གཙོ་བོ་གསུང་འབུམ་དང་ཆོས་འབྱུང་། རྩོམ་རིག། ལོ་རྒྱུས། གསོ་རིག། སྒྲུང་དང་རྣམ་ཐར། ཞིང་འབྲོག་ཀློག་དེབ། བྱིས་པའི་ཀློག་དེབ་བཅས་རིགས་རྣམ་བརྒྱད་དུ་བགོས་ཏེ། གློག་རྡུལ་དཔེ་ཀློག་དང་དཔེ་ཀློག་དཔྱད་བརྗོད། དེ་མིན་ཀློག་པ་པོ་གཞན་དང་ཕན་ཚུན་བགྲོ་གླེང་སོགས་བྱེད་ནུས་ལྡན་པའི་དཔེ་ཀློག་སྟེགས་བུ་ཞིག་ཡིན་ལ། སླད་ཕྱིན་ཀྱང་མུ་མཐུད་ནས་ནང་དོན་དང་བྱེད་ནུས་སོགས་ཕྱོགས་གང་ཅིའི་ཐད་ཕུན་སུམ་ཇེ་ཚོགས་སུ་གཏང་འཆར་ཡོད་དོ།།

བོད་ཀྱི་ཆེས་ཐོག་མའི་དྲྭ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་སྒོ་ཕྱེ།

     ཀུན་གྱིས་མཁྱེན་གསལ་ལྟར། གྲངས་འཛིན་དཔེ་སྐྲུན་ནི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དཔེ་སྐྲུན་ལས་རིགས་གོང་དུ་སྤེལ་བའི་ཁ་ཕྱོགས་གཙོ་བོར་གྱུར་ཡོད་ལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་ཆ་འཕྲིན་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེ་བས་ཐེངས་འདིའི་དྲྭ་ཐོག་དཔེ་ཀློག་སྟེགས་བུ་ཡི་སྒོ་འབྱེད་ཀྱིས་སྲོལ་རྒྱུན་དཔེ་སྐྲུན་ལས་རིགས་ལ་རྣམ་པ་གསར་པ་ཞིག་མངོན་པར་བྱས་ཡོད་པ་གདོན་མི་ཟའོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལྗོངས་ཞིང་ལྔའི་སློབ་མའི་ཕུལ་བྱུང་རྩོམ་ཡིག་དཔེ་སྐྲུན་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ལན་ཀྲོའུ་དང་། དེ་ནས་གཟི་རྩ་སྡེ་དགུ་བར་གྱི་མཁའ་ལམ་
  • དོ་སྣང་ཆེ་བའི་རྩོམ།