རྫོང་འདི་ན་དྲེད་མོང་མ་བུ་བཞི་མཐོང་འདུག

        2020-07-16

  

རྫོང་འདི་ན་དྲེད་མོང་མ་བུ་བཞི་མཐོང་འདུག

   སྤྱི་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོར། སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གསར་འགོད་པ་གཞི་རིམ་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་རྫོང་གྲོང་ནས་ཐོན་མ་ཐག་པའི་འབུམ་རྙིང་གྲོང་རྡལ་མང་དགེ་གྲོང་ཚོའི་ཉེ་འགྲམ་གྱི་རྩྭ་ཆུ་འཛོམས་པའི་རི་ལྡེབས་སུ་དྲེད་མོང་ཨ་མ་ཞིག་གིས་ཕྲུ་གུ་གསུམ་ཁྲིད་ནས་སོས་དལ་བག་ཕེབས་ངང་ཉི་མར་ལྡེ་བཞིན་ཡོད་པ་དང་། དེ་ནས་དྲེད་མོང་ཨ་མས་ལྟོ་སྟེར་རྗེས་རིམ་བཞིན་ཕྲུ་གུ་རྣམས་ཁྲིད་དེ་རི་ཁུག་ཏུ་དལ་བུར་བསྐྱོད་པར་མཐོང་།

   སེར་ཤུལ་རྫོང་ནི་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་གསུམ་འབྲེལ་གྱི་མཚམས་སུ་གནས་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་ཞིང་། མངའ་ཁོངས་སུ་སྐར་ཚོགས་ལྟར་ཁྱབ་པའི་མཐོ་སྒང་གི་མཚེའུ་དང་། རྩྭ་ཆུ་འཛོམས་པའི་འདམ་ར་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་རྫོང་དེས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པས་གཙང་གསུམ་ཆུ་མགོའི་ལྗང་མདོག་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད།

  • ལེ་ཚན་སྔོན་མ།:སྤྲོ་གླུ་སྙན་མོ་བླངས་ནས་ལྷིང་འཇགས་ཀྱི་ཡུལ་ལུང་དཀྲོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་ཡུལ་སྐོར་འོས་སྦྱོར་དང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།