རང་ཁུལ་གྱི་ཆབ་ཁང་ལེགས་སྒྱུར་བྱེད་པར་གྲུབ་འབྲས་ཐོབ།

ཡེ་མགོན་གྱིས་བསྒྱུར།        2020-07-14

     སྔར་ལྷག་གིས་ཏང་ཀྲུང་དབྱང་དང་དང་ཞིང་ཆེན་གྱི་ཆབ་ཁང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱ་ཆེད། རང་ཁུལ་གྱིས་ཆབ་ཁང་ལེགས་བཅོས་བྱ་རྒྱུ་འདི་ཁུལ་དཔོན་དང་རྫོང་དཔོན(གྲོང་དཔོན) ཅུས་ཀྲང་གི་ལས་གྲྭའི་ནང་བཞག་ནས་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་སྤྱི་སྤྱོད་ཆབ་ཁང་དང་ཞིང་སྡེའི་ཞིང་ཁྱིམ་གྱི་འཕྲོད་བསྟེན་ཆབ་ཁང་གསར(ལེགས་སྒྱུར)སྐྲུན་ཇེ་ཡག་གཏོང་བ་དང་ཆབས་ཅིག ཆབ་ཁང་ལེགས་སྒྱུར་དེ་མཛེས་ལྗོངས་ཁུལ་ནས་གྲོང་ཁྱེར་དུ་རྒྱ་སྐྱེད་དང་གྲོང་ཁྱེར་ནས་ཞིང་སྡེ་ལ་རྒྱ་སྐྱེད་གཏོང་གང་ཐུབ་བྱས་པར་བརྟེན། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཚོ་བའི་སྤུས་ཀར་གནོད་རྐྱེན་བཟོས་པའི་ཞན་ཆ་གསབ་སྣོན་བྱས་ཆབ་ཁང་ལེགས་སྒྱུར་སྐུལ་འདེད་གཏོང་བར་དངོས་གནས་ཀྱི་གྲུབ་འབྲས་ཐོབ་པར་བྱ་དགོས།

      འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་འཛིན་ཞིང་ཁྱད་ཆོས་མངོན་པ་བྱ་དགོས། ཆབ་ཁང་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་གྲུབ་འབྲས་བཀོལ་སྤྱོད་གང་ལེགས་བྱས་ནས་གྲོང་ཡུལ་འཆར་འགོད་དང་།ས་ཞིང་བཀོལ་སྤྱོད་འཆར་འགོད་སོགས་འབྲེལ་ཡོད་ཚད་ལྡན་གྱི་ཚད་གཞི་ལ་དམིགས་ནས་གྲོང་རྡལ་དང་འགྲིམ་འགྲུལ། ཡུལ་སྐོར།མཛེས་པའི་གྲོང་སྡེ་གསར་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་གྱི་འཆར་འགོད་སྒྲིག་གཞི་འགྲུབ་རྒྱུ་དང་ཚད་གཞིའི་ཚད་ལྡན་འཐུས་ཚང་གཏང་རྒྱུ། ཡུལ་སྲོལ་རྣམ་པའི་བཀོད་པ་ཚོད་འཛིན་ཡག་པོ་བྱ་དགོས་པ་བཅས་རེད།

      ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རིམ་དམ་འཛིན་བྱས་ཏེ་དོན་འཁྱོལ་བྱ་རྒྱུར་མཐོང་ཆེན་བྱ་དགོས། རྫོང(གྲོང་ཁྱེར)ཁག་སོ་སོའི་མི་དམངས་སྲིད་གཞུང་དང་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཁོངས་གཏོགས་ས་ཆ་དོ་དམ་བྱ་རྒྱུའི་རྩ་དོན་ལ་བརྩི་སྲུང་ནན་པོ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་སྒྲིག་འཛུགས་ལག་ལེན། ལྟ་སྐུལ་དོན་འཁྱོལ་སོགས་ཀྱི་ལས་དོན་སྤེལ་འགན་འཁུར་དགོས་པ་དང་། ལས་རིགས་སོ་སོའི་གཙོ་གཉེར་སྡེ་ཁག་གིས་ལས་རིགས་ཁྱབ་ཁོངས་ནང་གི་དམིགས་ཡུལ་ལས་འགན་འཛུགས་སྐྲུན་བྱེད་པར་ལྟ་སྐུལ་བྱ་རྒྱུའི་ལས་དོན་དམ་འཛིན་བྱེད་འགན་འཁུར་ནས་འཛུགས་སྐྲུན་གྱི་དམིགས་ཡུལ་ལས་འགན་སོ་སོ་དུས་ཐོག་ཏུ་འགྲུབ་པར་འགན་ལེན་བྱ་དགོས་པ་རེད།

      གཉེར་སྐྱོང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལྡན་དམ་འཛིན་བྱས་ཏེ་ཕན་ཡུན་རིང་བར་སྐུལ་འདེད་གཏང་དགོས། སྤྱི་སྤྱོད་ཆབ་ཁང་ཚད་ལྡན་ཅན་དང་ཚད་གཞི་ཅན། ཞིབ་ཚགས་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། སུ་ལ་དབང་བ་དང་སུས་སྐྲུན་པ། སུས་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་སྤྱོད་ཆབ་ཁང་ལ“བཞི་གཙང་དང་གསུམ་མེད། གཉིས་ཐར། གཅིག་གསལ།གཅིག་ཚད་ལྡན”བཅས་ལ་སྐུལ་འདེད་གཏང་དགོས།།

  • ལེ་ཚན་སྔོན་མ།:རང་ཁུལ་ལྷོ་རྒྱུད་ཡུག་སྦྲེལ་གྱི་རྩི་ཤིང་གསབ་འཛུགས་ལྗང་གསོའི་རྟེན་གཞི་ཐོག་མ་དེ་བཙུགས་པ།
  • ལེ་ཚན་རྗེས་མ།:གཞིས་མི་ལ་སྟབས་བདེ་བསྐྲུན་པའི་འབྲས་བུ་སྨིན།
  • དོ་སྣང་ཆེ་བའི་རྩོམ།