རང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དང་གནད་དོན་དག་བཅོས་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-08-21

      ཟླ་བ8པའི་ཚེས17ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དང་གནད་དོན་དག་བཅོས་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས་ཏེ་དུས་ཐོག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དེང་སྐབས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དང་གནད་དོན་དག་བཅོས། ལྟ་སྐུལ་བྱེད་ཞོར་དག་བཅོས་བྱ་རྒྱུའི་འབྲེལ་ཡོད་ལས་ཀ་སྔ་ལས་ལྷག་པ་ལེགས་འཛིན་བྱ་རྒྱུའི་བླང་བྱ་བརྒྱུད་བསྒྲགས་བྱས་པ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གནད་དོན་དག་བཅོས་དོན་འཁྱོལ་ལས་ཀ་བཀོད་སྒྲིག་བྱས་པ། ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐོང་ཆེན་ཚད་མཐོན་པོ་དང་མྱུར་སྒྲུབ་བྱས་ཏེ་ཚད་ལྡན་དེ་བས་མཐོན་པོ་དང་བླང་བྱ་དེ་བས་ནན་པོ།བྱ་ཐབས་དེ་བས་ནུས་ལྡན་བླངས་ཏེ་ཁོར་ཡུག་སྲུང་སྐྱོང་ཐད་ཏང་སྲིད་ཀྱི་འགན་མཉམ་ཁུར་བྱས་ཤིང་།ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དང་དག་བཅོས་ལས་ཀ་དོན་ཐོག་འཁྱོལ་བ་བྱས་ཏེ་ཕན་འབྲས་དངོས་ཐོབ་པ་བྱ་དགོས།

      ཚོགས་ཐོག་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལྐོག་འདྲི་ཚོ་ཆུང་གིས་རང་ཁུལ་དུ་ལྐོག་འདྲི་བྱས་པའི་གནད་དོན་ཕྱིར་ལྡོག་དང་ཕྱིན་ཆད་དག་བཅོས་དོན་འཁྱོལ་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:མཛེས་སྡུག་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་དགོས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་བཅིངས་འགྲོལ་དམག་བཙུགས་ནས་ལོ90འཁོར་བའི་རིག་རྩལ་དགོང་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།