ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2020-07-13

     

ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་།

    ལིའུ་ཁྲིང་མིང་གིས་དུད་ཚང་དབུལ་ཕོངས་ཆུའུ་ཧྥུང་དབྱིན་དང་ཁ་བརྡ་ལབ་བཞིན་པ།

      སྤྱི་ཟླ7པའི་ཚེས5ཉིན་ནས་ཚེས6ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔ་རྗེས་སུ་རྟའུ་ནགས་ལས་ཅུས་ཁུག་ཆགས་ནགས་ར་དང་བྲག་དཀར་ཇོ་མོ་དགོན་པ། གཤིས་ཆུ་གྲོང་རྡལ་བྲག་དཀར་གྲོང་སྡེ།རོགས་ཙོ་གྲོང་སྡེ། རྟའུ་རྫོང་ནགས་ཚལ་རྩྭ་ཐང་ཆེད་ལས་མེ་གསོད་རུ་ཆེན། ཤོར་འགོག་སློབ་སྐྱོང་གི་སློབ་ཁྲིད་བྱེད་གནས་སོགས་སུ་ཕེབས་ཏེ་དབུལ་ཐར་འགག་སྒྲོལ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དང་ས་གཤིས་གནོད་འཚེ་འགོག་བཅོས། ཤོར་འགོག་སློབ་སྐྱོང་། དགོན་སྡེ་ཁྲིམས་ལྟར་དོ་དམ་བྱས་ཚུལ་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

      ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། ལྷག་པར་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་ཡོང་བའི་སྐབས་སུ་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་བཅོས་ཚོད་འཛིན་ཡག་པོ་བྱེད་པའི་དུས་མཚུངས་སུ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལ་དམིགས་ནས་འཕེལ་རྒྱས་དང་དམངས་འཚོ་དང་བརྟན་བརླིང་བཅས་ཀྱི་ལས་དོན་ཁག་ལེགས་འཛིན་ཏན་ཏིག་བྱས་ནས་དབུལ་ཐར་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མེ་སྐྱོན་དང་ཆུ་ལོག་གནོད་འཚེ། ས་གཤིས་གནོད་འཚེ་སོགས་ཀྱི་ཉེན་ཁ་འབྱུང་གཞི་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱ་དགོས། མི་རིགས་ཆོས་ལུགས་ལས་དོན་་ཡག་པོ་ཏན་ཏིག་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་བརླིང་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱ་དགོས།

      ཁུལ་ཨུའི་འབྲེལ་གཏུག་བྱེད་མཁན་དྲུང་ཆེ་གཞོན་པ་དང་རྟའུ་རྫོང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།