མཉམ་ལས་དང་སྤེལ་རེས་བྱ་རྒྱུ་ཟབ་ཏུ་གཏོང་ཞིང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་།

བདེ་སྐྱིད་ཀྱིས་བསྒྱུར།        2017-08-17

   ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་སི་ཁྲོན་དང་ཡུན་ནན།  མཚོ་སྔོན།  བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་བོད་རིགས་ས་ཁུལ་གྱི་ཁུལ﹙གྲོང་ཁྱེར﹚དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་གསུམ་པར་ཞུགས་བཞིན་ཡོད་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཆི་ཅན་ཞིན་རྣམ་གཉིས་ཀྱིས་ཡུལ་ཤུལ་ཁུལ་དུ་ཁུལ་གཉིས་ཀྱི་ས་ཁོངས་མཉམ་ལས་མཉམ་འབྲེལ་གྲོས་ཚོགས་འཚོགས་ཏེ།  ཐུན་མོང་དུ་ཁུལ་གཉིས་ཀྱི་མཉམ་ལས་བྱ་རྒྱུའི་ལས་དོན་གྲོས་བསྡུར་བྱས་པ་རེད།

   ཚོགས་ཐོག་ཕྱོགས་གཉིས་ཀས་ཐོན་ཁུངས་དང་གནས་ཡུལ།  རིག་གནས།  སྲིད་ཇུས་སོགས་འདོན་སྤེལ་གང་ལེགས་བྱས་ནས་འགྲིམ་འགྲུལ་འཛུགས་སྐྲུན་དང་ཡུལ་སྐོར་རིག་གནས།  ཐོན་ལས་གོང་འཕེལ།  སྐྱེ་ཁམས་སྲུང་སྐྱོང་།  ས་ཁོངས་འཆམ་མཐུན་དང་བརྟན་ལྷིང་སོགས་ཀྱི་ཐད་ལ་མཉམ་ལས་སྔར་བས་གཏིང་ཟབ་དང་།  མཉམ་ལས་ཀྱི་བྱེད་སྟངས་གསར་སྐྲུན།  མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཕྱོགས་གཉིས་ཀྱི་མཉམ་འགུལ་སྲ་བརྟན་རྒྱ་སྐྱེད་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།   


  • ལེ་ཚན་སྔོན་མ།:གླུ་གར་འཁྲབ་ཚན་ཆེ་གྲས༼ ཉི་སྟེན་རིགས་གསུམ་མགོན་པོ༽འདབ་པ་རྫོང་དུ་འཁྲབ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཆེད་དོན་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།