ལིའུ་ཁྲེང་མིང་གིས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ལས་འཛིན་དབྱང་ཀྲི་ཡོན་ལ་མཇལ་འཕྲད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2020-07-06

  

ལིའུ་ཁྲེང་མིང་གིས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ལས་འཛིན་དབྱང་ཀྲི་ཡོན་ལ་མཇལ་འཕྲད་གནང་།

    སྤྱི་ཟླ7པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་རང་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པའི་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ལས་འཛིན་དབྱང་ཀྲི་ཡོན་དང་བཅས་པར་མཇལ་འཕྲད་གནང་བ་རེད། ཕྱོགས་གཉིས་པོས་ཅི་འདྲ་བྱས་ནས་དཀར་མཛེས་ཁུལ་བོད་རིགས་ས་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཀ་སྔར་བས་ཡག་པོ་བསྒྲུབ་རྒྱུ་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་ཕྱི་དེ་བས་ཡག་པོ་ཞུ་རྒྱུའི་ཐད་བཞུགས་མོལ་བྱས་པ་རེད།

    ལིའུ་ཁྲེང་མིང་གིས་དང་ཐོག་དབྱང་ཀྲི་ཡོན་དང་བཅས་པས་རང་ཁུལ་དུ་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་རང་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏང་རྒྱུའི་ཐད་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་ཐུགས་ཁུར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་རེད། ལིའུ་ཁྲེང་མིང་གིས་དབང་པོ་སྐྱོན་ཅན་གྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་རྒྱུ་ལའང་འབྲེལ་བ་ཡོད། དཀར་མཛེས་བོད་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་ལ་དེ་བས་ཀྱང་འབྲེལ་བ་ཡོད་པ་རེད། དབང་པོ་སྐྱོན་ཅན་གྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏང་རྒྱུ་ནི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པ་རེད། རང་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲིའི་འོས་འགན་ཡག་པོ་བསྒྲུབས་ནས་ཕྱོགས་སོ་སོའི་ཐོན་ཁུངས་སྔར་བས་སྙོམས་སྡེབ་བྱས་ཏེ་ལས་ཀའི་ཁྲོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། རང་ཁུལ་གྱི་ས་བབ་མཐོ་བ་དང་ས་ཁོངས་རྒྱ་ཆེ་བ། ཆ་རྐྱེན་བལྟོས་བཅས་ཀྱི་དཀའ་ངལ་ཡོད་པའི་དབང་གིས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀ་དང་བྱ་གཞག་འཕེལ་རྒྱས་གཏན་ནས་རྗེས་ལུས་བྱེད་མི་ཉན། ལིའུ་ཁྲེང་མིང་གིས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རང་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེ་བས་ལེགས་པའི་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་དུ་སྐུལ་འདེད་གཏང་རྒྱུའི་ཐུགས་རེ་གནང་བ་རེད།

      དབྱང་ཀྲི་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀ་དང་བྱ་གཞག་འཕེལ་རྒྱས་བླ་ན་མེད་པའི་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་བླ་ན་མེད་པའི་མཐོང་ཆེན་བྱས་པ་དང་། ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀ་དང་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་ཀྱི་འགན་ནུས་དང་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་ཐུན་མོང་དུ་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་རྒྱུགས་ཆེན་གཉིས་སྤྲད་རན་ཁར་གྲ་སྒྲིག་འདི་འདྲ་བྱས་འདུག
  • ལེ་ཚན་རྗེས་མ།:“དམངས་ཕྱུག་གནས་ཚད”གཏན་འཁེལ་བྱས་ཏེ་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ།
  • དོ་སྣང་ཆེ་བའི་རྩོམ།