༄༅།།གསེར་ཐར་རྩྭ་ཐང་སྟེང་དུ་བཞག་པའི་དམར་དམག་གི་ཞབས་རྗེས།

བདེ་སྐྱིད་ཀྱིས་བསྒྱུར།        2020-07-03

བགྲང་བྱ༧༠འདས་པའི་གནས་མཆོག་གི་དཀར་མཛེས། ངའི་དྲན་ཤེས་སུ་གསལ་བའི་ཁམས་བོད་ཀྱི་འཕེལ་འགྱུར།

༄༅།།གསེར་ཐར་རྩྭ་ཐང་སྟེང་དུ་བཞག་པའི་དམར་དམག་གི་ཞབས་རྗེས།

རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་པ།

༄༅།།གསེར་ཐར་རྩྭ་ཐང་སྟེང་དུ་བཞག་པའི་དམར་དམག་གི་ཞབས་རྗེས།

དམར་དམག་གསེར་ཐར་དུ་རྒྱང་སྐྱོད་བྱས་པའི་ལམ་ཐིག་རི་མོ།

༄༅།།གསེར་ཐར་རྩྭ་ཐང་སྟེང་དུ་བཞག་པའི་དམར་དམག་གི་ཞབས་རྗེས།
ལྷ་ལུང་བང་གདོང་།

    ང་ཚོ་མི་རབས་རྗེས་མའི་བདེ་སྐྱིད་དང་ཞི་བདེ། སྤྲོ་དགའི་ཆེད་དུ་བསམ་ཡུལ་ལས་འདས་པའི་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་གསར་བརྗེའི་སྔོན་རབས་པར་དྲན་གསོ་ཞུས་པ་ཡིན། ཁོང་ཚོས་ཚེ་སྲོག་དང་ཟུངས་ཁྲག་གིས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྐྱིད་ཕོ་བྲང་ལ་རྨང་རྡོ་བཏིང་ཡོད་པ་འདི། ལོ་ཟླ་དུ་མ་འདས་པའི་བརྒྱུད་རིམ་ཁྲོད་གསོན་ཉམས་ལྡན་པའི་དྲན་ཤེས་མང་པོ་ཞིག་བརྗེད་ངས་རྐུན་པོས་ཁྱེར་ཡོད་མོད། འོན་ཀྱང་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་དུས་གཏན་དུ་འོད་སྟོང་འབར་ནས་ཀྲུང་ཧྭ་མི་རིགས་ཀྱི་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ་དུས་བསྟུན་མདུན་བསྐྱོད་བྱས་མཐར། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་སྐུལ་ལྕག་བྱས་དང་བྱེད་བཞིན་ཡོད་པ་རེད།།

    དཀར་མཛེས་ཁུལ་ནི་དམར་དམག་རྒྱང་སྐྱོད་བྱེད་དུས་བརྒྱུད་མྱོང་བའི་ས་གནས་གལ་ཆེན་ཞིག་ཡིན་ཞིང་། དམར་དམག་གིས་དཀར་མཛེས་ཁུལ་དུ་བོད་རིགས་ས་ཁུལ་གྱི་གསར་བརྗེའི་སྲིད་དབང་ཨང་དང་པོ་སྟེ་བོད་པ་སྲིད་གཞུང་བཙུགས་ཡོད་ལ། དཀར་མཛེས་ཁུལ་དུ་འཛམ་གླིང་ལ་སྙན་པ་གྲགས་པའི་དཔའ་བོ་བཅོ་བརྒྱད་ཀྱིས་ལྕགས་ཟམ་འཕྲོག་ལེན་བྱ་ཡུལ་ཡང་ཡིན་པ་རེད། དཀར་མཛེས་ཁུལ་དུ་ད་དུང་དཀར་མཛེས་སུ་དམག་དཔུང་དཔུང་འཛོམས་དང་དགེ་སྟག་སྤྲུལ་སྐུ་ཡིས་དམར་དམག་བྱང་རྒྱུད་དུ་སྐྱོད་པར་རོགས་སྐྱོར་བྱས་མྱོང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ད་བར་དུ་ཁྱབ་བཞིན་ཡོད་པ་རེད།

    སྨྱུག་འཛིན་པས“རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་པ”སོགས་འབྲེལ་ཡོད་དཔེ་ཆ་དང་དུས་དེབ་ལ་བལྟས་མྱོང་སྟེ་དམར་དམག་གིས་གསེར་ཐར་མངའ་ཁོངས་བརྒྱུད་པའི་ལོ་རྒྱུས་མ་རྙེད། དེས་ན་དམར་དམག་གསེར་ཐར་དུ་སླེབས་མྱོང་རེད་དམ་མ་རེད་ཅེ་ན། སྨྱུག་འཛིན་པས་དམར་དམག་རྒྱང་སྐྱོད་བྱེད་སྐབས་གསེར་ཐར་ནས་བརྒྱུད་མྱོང་བའི་དྲན་ཤེས་སླར་ཡང་དྲན་གསོའི་མེ་ལོང་དུ་དྲངས་དུས། འབྲོག་པ་རྒན་གྲས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁག་གཅིག་གིས་དམར་དམག་གསེར་ཐར་དུ་སླེབས་མྱོང་བའི་དྲན་གསོ་གསལ་ལྷང་ངེར་བཤད་རྒྱུ་ཡོད་པར་མ་ཟད། དམར་དམག་གི་དམག་སྡེ་ཁག་གི་གློག་འཕྲིན་ལས་མཚོན་པ་ལྟར་ན། དམར་དམག་འབོར་ཆེན་གསེར་ཐར་དུ་སླེབས་མྱོང་བ་དང་དམར་དམག་ཁ་ཤས་ད་དུང་གསེར་ཐར་དུ་ངལ་གསོ་དང་ལེགས་སྒྲིག་བྱས་ནས་ཉིན་བཅུ་ལྷག་ཙམ་བསྡད་མྱོང་བའི་གནས་ཚུལ་གསལ་པོ་མངོན་པ་རེད།

   1936ལོར། བློ་མཐུན་ཀྲུའུ་ཏེ་ཡིས་སྣེ་ཁྲིད་བྱས་པའི་གཞུང་སྒྲིག་དཔུང་སྡེ་གཡོན་མ་དང་ལི་ཞན་ཉན་གྱིས་སྣེ་ཁྲིད་བྱས་པའི་དམག་དཔུང་སུམ་ཅུ་པའི་ཁྲི་ཤོག་བརྒྱད་ཅུ་གྱ་བརྒྱད་པ་དང་རྟ་དམག ཁྲི་ཤོག་ལྔ་པའི་སྤྱི་ཁྱབ་པུའུ་ཡི་ཅུས་ལྔ་པས་སྔོན་སྐྱོད་དམག་དཔུང་བྱས་ཏེ་ཟླ་བ6པའི་ཟླ་མཇུག་ཏུ་དཀར་མཛེས་ནས་བསྐྱོད་དེ་གཞུང་སྒྲིག་དཔུང་སྡེ་གཡོན་མའི་རྗེས་མཐུད་དམག་དཔུང་ལ་འབྲི་རིགས་གྲབས་གསོག་དང་འགྲོ་ལམ་འཚོལ་ཞིབ་བྱས་མྱོང་བ་རེད།

●ཟླ་བ7པའི་ཚེས1ཉིན། སྔོན་སྐྱོད་དམག་དཔུང་གིས་ནོར་ལུག་སྐོར་ཞིག་གྲབས་གསོག་བྱ་རྒྱུ་རག་རྗེས་དཀར་མཛེས་རྫོང་ནས་གསེར་ཐར་རྫི་ཆེན་ལུང་ཤུར་བརྒྱུད་ནས་དཔྱི་ཆེན་དགོན་པར་ངལ་གསོ་དང་ལེགས་སྒྲིག་ཉིན་ཁ་ཤས་བྱས་རྗེས་མུ་མཐུད་ནས་བྱང་རྒྱུད་དུ་བསྐྱོད་ཡོད་པ་རེད།

●ཟླ་བ7པའི་ཚེས6ཉིན། གཞུང་སྒྲིག་དམག་དཔུང་གཡོན་མ་གཉིས་པའི་ཕྱོགས་ཀྱིས་དཀར་མཛེས་རྫོང་སྟོང་ཁོག་ནས་གསེར་ཐར་ལུང་ཤུར་བརྒྱུད་དེ་དམག་དཔུང་སོ་གཉིས་པ་དང་ལྷན་དུ་འཛོམས་རྗེས་ཐང་ཡག་ལུང་ཤུར་བརྒྱུད་ནས་འབར་ཁམས་ཕྱོགས་སུ་བསྐྱོད་ཡོད་པ་རེད །

●ཟླ་བ6པའི་ཚེས29ཉིན།སུན་ཡུས་ཆིང་གིས་སྣེ་ཁྲིད་བྱས་པའི་གཞུང་སྒྲིག་དམག་དཔུང་བར་མའི་སློབ་སྟོན་ཁྲི་ཤོག་ཉེར་བདུན་པས་བྲག་མགོ་ནས་བསྐྱོད་དེ་ཚེས30ཉིན་གསེར་ཐར་གསེར་བ་ས་ཁུལ་དུ་སླེབས་ཡོད་པ་རེད།

●ཟླ་བ7པའི་ཚེས4ཉིན་གསེར་ཁོག་གྲོང་རྡལ་སྟོད་མར﹙ད་ལྟའི་གསེར་ཐར་རྫོང་གི་གྲོང་ཁུལ་ཡོད་ས﹚ སླེབས་ཡོད་པ་རེད།

●ཟླ་བ6པའི་ཚེས29ཉིན། ཝང་ཧྲུའུ་ཧྲེང་གིས་སྣེ་ཁྲིད་བྱས་པའི་དམར་དམག་གི་དམག་དཔུང་སུམ་ཅུ་སོ་གཅིག་པའི་ཁྲི་ཤོག་གོ་གསུམ་པ་གསེར་ཁོག་གྲོང་རྡལ་སྟོད་མར་སླེབས་པ་རེད།

●ཝང་ཅན་ཨན་གྱིས་སྣེ་ཁྲིད་བྱས་པའི་དམར་དམག་གི་དམག་དཔུང་བཞི་པའི་ཁྲི་ཤོག་བཅུ་གཉིས་པ་དང་རང་ཚུགས་ཁྲི་ཤོག་དེ་ཟླ་བ6པའི་ཚེས29ཉིན་བྲག་མགོ་ཤྭ་རྭ་ཐང་ནས་འགྲོ་མགོ་བཙུགས་ཏེ་ཟླ་བ7པའི་ཚེས3ཉིན་གསེར་ཐར་དུ་སླེབས་ཡོད་པ་རེད།

●ཧོ་ཀྲི་ཁྲེང་གིས་སྣེ་ཁྲིད་བྱས་པའི་དམར་དམག་གི་སློབ་གྲྭ་ཆེན་མོ་དང་སྤྱི་ཁྱབ་མཁོ་འདོན་པུའུ། སྤྱི་ཁྱབ་འཕྲོད་བསྟེན་པུའུ་བཅས་ཀྱིས་བྲག་མགོ་ནས་བསྐྱོད་དེ་ཟླ་བ7པའི་ཚེས6ཉིན་གསེར་ཐར་དུ་སླེབས་ཡོད་པ་རེད།

  ﹙གོང་སྨོས་ཀྱི་གནས་ཚུལ་ཐོག་ནས་བལྟས་ན། དཀར་མཛེས་དང་བྲག་མགོ་ནས་སྐྱོད་མགོ་ཚུགས་པའི་དམར་དམག་གི་དམག་དཔུང་གཉིས་པ་དང་བཞི་པའི་ཕྱོགས་ཀྱི་རྒྱང་སྐྱོད་དཔུག་སྡེ་འབོར་ཆེན་ཞིག་གིས་གསེར་ཐར་རྩྭ་ཐང་སྟེང་རྒྱང་སྐྱོད་བྱས་པའི་ཞབས་རྗེས་བཞག་ཡོད་པ་རེད།﹚

   བཞུར་རྒྱུན་ལྷུང་སྒྲ་སྙན་པའི་གསེར་ཆུའི་ལྷོ་ངོས་ཀྱི་རི་སྐེད་དུ་ཆགས་པའི་དཀྱིལ་སྔོན་དགོན་པ་ནི་གསེར་ཐར་དུ་སྐད་གྲགས་ཡོད་པའི་རྙིང་མའི་དགོན་པ་ཞིག་ཡིན་པ་རེད། དགོན་པ་འདིའི་དགོན་བདག་ཚེ་རིང་གིས﹙1996ལོར་སྐུ་གཤེགས﹚དྲན་གསོ་བྱས་པར་གཞིགས་ན། 1936ལོའི་ཟླ་བ7པའི་ཟླ་སྟོད་ལ་དམར་དམག་གི་དཔུང་སྡེ་ཞིག་དགོན་པའི་ནང་ཉིན་བཅུ་ལྷག་ཙམ་ངལ་གསོ་བྱས་ནས་བསྡད་མྱོང་བ་རེད། སྐབས་དེར་དགོན་པ་འདིའི་སྤྲུལ་སྐུ་དཀྱིལ་སྔོན་བྱམས་འགྲོལ་གྱིས་འདུན་ཁང་གི་ཁང་མིག་ཡོད་ཚད་དམར་དམག་ལ་གཡར་ནས་བསྡད་བཅུག་པར་མ་ཟད། འབྲུ་རིགས་དང་འབུད་ཤིང་སོགས་ཀྱི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད། དམར་དམག་དཀྱིལ་སྔོན་དགོན་དུ་ངལ་གསོ་བྱེད་རིང་འཐབ་དམག་མི་ཉུང་བ་ཞིག་ལ་རྨས་ཕོག་ནས་ཁ་ཤས་དཀྱིལ་སྔོན་དགོན་དུ་ཚེ་ལས་ཡོལ་བ་རེད།

   སྤྲུལ་སྐུས་མི་མངགས་ནས་དམར་དམག་གི་ཚེ་འདས་དམག་མིའི་ཕུང་པོ་སྦས་བཅུག་པར་མ་ཟད། བསྔོ་བ་སྨོན་ལམ་གྱི་ཆོ་ག་བསྒྲུབས་པ་རེད། 1992ལོར་དགོན་པའི་འདུན་ཁང་ཉམས་གསོ་བྱེད་སྐབས། སྔོན་མའི་འདུན་ཁང་གི་གྱང་རྩ་ནས་དམར་དམག་གི་རུས་ཁོག་གཉིས་རྙེད་པ་དང་ཆབས་ཅིག མི་སེར་རྒྱལ་ཁབ་ཀྱི་ཟངས་ཌམ་དང་མདེལ་སྒམ། དོར་ཐིག་ལྕགས་སྒྲོག་སོགས་རྙེད་པ་རེད། འདུན་ཁང་གི་གྱང་ངོས་སུ་དམར་དམག་གིས་བྲིས་པའི་འབོད་སྐུལ་ཡང་གསལ་ཐག་ཆོད་རིག་མྱོང་བ་རེད།

    དོན་དངོས་དེའི་ཐོག་ནས་སྤྲུལ་སྐུ་བྱམས་འགྲོལ་གྱིས་དམར་དམག་གིས་དཀའ་སྤྱད་འབད་བརྩོན་བྱས་པར་བསམ་ཤེས་ཡོད་པ་དང་བཟོད་སྒོམ་བློ་རྒྱ་ཆེ་བའི་རྣམ་འགྱུར་མཚོན་པ་ཞིག་རེད། དེ་འདྲ་མ་ཡིན་ན་མི་སུ་འདྲ་ཞིག་གི་ཕུང་པོ་དགོན་པའི་ནང་བཞག་སྲིད་རྒྱུ་མ་རེད། དམར་དམག་གི་དཔུང་སྡེ་འདི་འགྲོ་རན་པའི་སྐབས་སུ་འཐབ་འཛིང་པ་ཞིག་གི་རྐང་པ་འཁྱག་ཁེངས་ཐེབས་པར་མ་ཟད། རྨ་ཁར་གཉན་ཚད་བརྒྱབ་ནས་དཔུང་སྡེའི་རྗེས་སུ་འབྲངས་ཐབས་མེད་པར་གྱུར། དེར་བརྟེན་འཐབ་དམག་དེ་སྤྲུལ་སྐུའི་ཁྱིམ་དུ་བཞག་པ་ནས་བཟུང་སྤྲུལ་སྐུའི་ཁྱིམ་མིར་གྱུར་པ་རེད།

    སྤྲུ་སྐུས་འཐབ་འཛིང་པ་དེར་ཐུགས་ཁུར་ཚད་མེད་གནང་ནས་མིང་ལ་ཅི་ཟེར་ཡིན་མི་ཤེས་པའི་དམར་དམག་འདི་མགྱོགས་མྱུར་དུ་དྲག་སྐྱེད་བྱུང་བ་རེད། དམག་དཔུང་བཅོ་བརྒྱད་པ་བོད་དུ་དཔུང་འཇུག་བྱེད་པའི་སྐབས་སུ་འཐབ་འཛིང་པ་དེས་གུང་ཁྲན་ཏང་གི་དཔུང་སྡེ་འཚོལ་རྒྱུའི་རེ་འདུན་བཏོན་པར་སྤྲུལ་སྐུས་མོས་མཐུན་བྱས་པར་མ་ཟད། ཆེད་དོན་དུ་མི་གཉིས་དང་རྟ་ཁྲིད་མངགས་ནས་འཐབ་འཛིང་པ་དེ་བྲག་མགོ་རྫོང་དུ་བསྐྱལ་བ་རེད།

    གསེར་ཐར་རྫོང་གྲོང་ཁུལ་དང་རྒྱང་ཐག་མི་རིང་སར་ཆགས་པའི་དུང་དཀར་དགོན་པ་ནི་སྔོན་ཆད་དབལ་ཤུལ་གསེར་ཐར་གྱི་དགོན་པ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པ་རེད། དམར་དམག་གསེར་ཐར་འབྲོག་ཁུལ་དུ་འབྱོར་རྗེས། འབྲོག་ཁུལ་དུ་འབྲུ་རིགས་དང་སྡོད་ཁང་མེད་པས་མ་ཚད། གནམ་གཤིས་གྲང་ངར་ཆེ་ཞིང་འབུད་ཤིང་མེད་པར་བརྟེན། དམར་དམག་གི་འཚོ་གནས་དེ་བས་དཀའ་ཚེགས་ཆེ་བའི་གནས་སུ་ལྷུང་ཡོད་པ་རེད། དུང་དཀར་དགོན་པའི་བླ་མ་སྐྱེས་ཆེན་དམ་པ་དབང་པོ་པད་མ་རྡོ་རྗེ་ཡིས་དམར་དམག་ལ་ཟས་གོས་གནས་མལ་མཁོ་འདོན་བྱས་པ་རེད། དམར་དམག་དགོན་པ་དང་ཁ་བྲལ་བའི་སྐབས་སུ་ད་དུང་དགོན་པར་གཡར་འཛིན་ཞིག་ཡོད་མོད། ཡིད་ཕངས་པ་ཞིག་ལ་གཡར་འཛིན་དེ་ཉར་ཚགས་བྱས་མེད་པ་རེད།

དེ་མིན་ད་དུང་གསེར་ཐར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྤྲུལ་སྐུ་བསྟན་པའི་ཉི་མ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་ཞིག་ཡིན་པ་རེད། ཁོང་གིས་ཕྱི་དྲན་བྱ་རྒྱུ་ལ་ཁོའི་བྱིས་པ་དུས་ཀྱི་ཉིན་ཞིག་ལ། དམར་དམག་གི་རྗེས་སུ་མ་སྙེགས་པའི་འཐབ་དམག་ཞིག་ཐང་རྒོད་དུ་འགྱེལ་ནས་དབུགས་ཆད་ལ་ཁད་དུ་གྱུར་བ་མཐོང་། ཁོང་གི་ཐུགས་ལ་བྱམས་སེམས་བཅངས་ནས་ལྷན་དུ་ཡོད་པའི་མི་རྣམས་ལ་མྱུར་དུ་འཐབ་དམག་དེ་རྟ་ཐོག་ཏུ་སྐྱོར་ནས་རང་གི་ཁྱིམ་དུ་ཁྲིད་ཅིང་བདག་སྐྱོང་ཞིབ་ཚགས་བྱས་ཏེ། ཉིན་བཅུ་ལྷག་གི་རྗེས་སུ། འཐབ་དམག་དེའི་ལུས་པོ་བདེ་ཐང་དུ་གྱུར་པས་ཁོང་གི་སེམས་ཧ་ཅང་དགའ་བར་མ་ཟད། འཐབ་དམག་དེར་བོད་མིང་ཞིག་བཏགས་པ་རེད། དེ་ནས་བཟུང་འཐབ་དམག་དེ་སྤྲུལ་སྐུའི་ཁྱིམ་དུ་བསྡད་ཡོད་པ་རེད།ཡིད་ཕངས་པ་ཞིག་ལ། འཐབ་དམག་དེས་ཀྲུང་གོ་ཡོངས་བཅིངས་འགྲོལ་བཏང་བའི་གནས་ཚུལ་མཐོང་ཐུབ་མེད་ཅིང་། རྒྱུ་རྐྱེན་ནི་བོད་རིགས་ས་ཁུལ་བཅིངས་འགྲོལ་མ་གོང་གོང་ཁོ་ནད་ཀྱིས་མནར་ཏེ་སྤྲུལ་སྐུའི་ཁྱིམ་དུ་ཚེ་ལས་ཡོལ་སོང་བ་རེད།

   སྐབས་དེར་བོད་རིགས་ས་ཁུལ་གྱི་མི་མང་པོ་ཞིག་གིས་དམར་དམག་ལ་གོ་བ་ལེན་མི་ཐུབ་པར་མ་ཟད། གོ་མིན་ཏང་གིས་དཀྲོག་གཏམ་བཟོས་ནས་མི་ལ་མགོ་སྐོར་བཏང་བ་དང་། ཐ་ན་དམར་དམག་བྱང་ཕྱོགས་སུ་དྲག་པོས་འགོག་རྒོལ་བྱེད་པའི་གནས་ཚུལ་འོག གསེར་ཐར་དགོན་པའི་བླ་མ་སྐྱེས་ཆེན་དམ་པ་ཁག་གཅིག་གིས་དམར་དམག་ལ་རྒྱབ་སྐྱོར་དེ་འདྲ་བྱེད་ཀྱི་ཡོད་པས་དེའི་སྙིང་སྟོབས་ནི་ལས་སླ་པོ་ཞིག་མིན། གསོན་ཉམས་ལྡན་པའི་གཏམ་རྒྱུད་འདི་ནི། སྔོན་ཆད་འཇམ་ཐིང་ཐིང་ངང་དོ་ཁུར་བྱེད་མཁན་མེད་རུང་འབྲོག་པ་རྒན་པ་ཉུང་ཤས་ཀྱི་དྲན་ཤེས་ནང་དུ་གསལ་ལེར་ཡོད།ད་ཆ་གསེར་ཐར་རྩྭ་ཐང་ཐོག་དམར་དམག་རྒྱང་སྐྱོད་བྱས་པའི་སྙིང་སྟོབས་དང་གསར་བརྗེའི་ལོ་རྒྱུས་དེ་ཚང་མས་སེམས་ནང་བརྟན་པོར་ངེས་རོགས།། 



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་སྟར་ག་ཐོན་ལས་འཕེལ་རྒྱས་བཏང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་རྒྱུགས་ཆེན་གཉིས་སྤྲད་རན་ཁར་གྲ་སྒྲིག་འདི་འདྲ་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།