མེས་རྒྱལ་ལ་བསྟོད་པ།

བཀྲ་ཤིས་ཉི་མ།        2020-07-02

    ཉི་མ་དང་མེ་ཏོག་པད་མ་གཉིས་ནི་ཇི་ལྟ་བུའི་འབྲེལ་བ་ཞིག་ཡིན་ཞེ་ན། ཉི་མ་ནི་པད་མའི་གཉེན་རེད་ཨང་། ཡིན་ནའང་པད་མ་ནི་ཉི་མའི་འོད་ཟེར་གྱི་ཁྲོད་དུ་འཚར་ལོངས་བྱུང་ནས་ད་ལྟ་སྐྱེས་ཆུའི་འདམ་རའི་ནང་དུ་སྤོབས་པ་དང་མཛེས་ཉམས་ཀྱི་ཁྲོད་དུ་འཚོ་བཞིན་འདུག དེ་དང་འདྲ་བར་ཁྱེད་ནི་ཉི་མ་དང་ང་ཚོ་ནི་མེ་ཏོག་པད་མ་རེད་ལགས།

    ཉིན་ཞིག་གི་ཞོགས་པར་ཉི་མའི་འོད་ཟེར་ས་སྟེང་དུ་འོད་འཚེར་འཚེར་གྱིས་འཕྲོས། སྐྱེ་དངོས་ཡོད་དོ་ཅོག་སྐྱིད་པའི་འཚོ་བར་རོལ་བཞིན་པའི་དུས་དེར་འཇིག་རྟེན་མུན་ནག་ཏུ་གྱུར་ནས་རླུང་འཚུབ་འུར་འུར་ལྡང་ཞིང་ལུང་པར་ངུ་སྐད་དང་ཁྱི་སྐད་ཀྱིས་ཁེངས། མེ་ཏོག་པད་མ་ལ་སོགས་པའི་སྐྱེ་དངོས་ཀྱིས་ནམ་མཁར་བལྟས་ནས་སྤོ་བོ་གཟའ་ཨོག་རལ་ལགས་ང་ཚོའི་གཉེན་མ་ཟ་རོགས་ཞེས་སྐད་ག་ཚོད་བརྒྱབ་ཀྱང་དེ་ནི་སྙིང་རྗེ་མེད་པར་སྡུག་རྩུབ་ཀྱིས་ང་ཚོའི་ཉི་མ་ཁྱུར་མིད་དུ་བཏང་སོང། དེ་ལས་སེམས་ཁུར་བྱ་དགོས་པ་ཞིག་ལ་གཟའ་ཨོག་ནི་རལ་ཨོག་མ་རལ་བའི་རྐྱེན་ཉི་མ་ཐར་བྲོས་ཐུབ་པ་བྱུང་སྟེ་སྔར་བཞིན་ས་གཞིར་འོད་སྣང་སྦྱིན། ཉི་མ་ནི་སྔོན་དང་མི་འདྲ་བར་གདོང་ཤེས་སྐྱོ་པོ་ཞིག་བསྟན་འདུག འོན་ཀྱང་སྡུག་རུས་ཀྱིས་ང་ཚོར་འོད་སྣང་ཞིག་སྦྱིན། དེ་མ་ཐག་ཏུ་སྐྱེ་དངོས་ཡོད་ཚད་ཀྱིས་ཕྱག་གཉིས་ཀྱིས་དགའ་བསུ་བྱས། ཁོའི་སྙིང་སྟོབས་ལ་དད་ཅིང་ཐེ་བོང་གཉིས་ཁྱེད་ཀྱིས་ཕྱོགས་སུ་འགྲེངས། དེ་ནི་ཉི་མར་འཕྲད་པའི་དཀའ་ངལ་ཉག་ཅིག་སྟེ་ཉི་འཛིན་ཡིན།

    དེ་ཡང་ཉི་འཛིན་དེ་ནི་ད་ལོའི་དམིགས་གསལ་གྱིས་ལོར་འཕྲད་པའི་ཏོག་དབྱིབས་གློ་ཚད་ནད་དུག་དེ་ལགས།ཁྱེད་ཀྱིས་དེ་ལས་རྣམ་པར་རྒྱལ་ནས་ད་ལྟ་སའི་གོ་ལས་ཁྱེད་ལ་བསྟོད་བསྔགས་བྱེད་བཞིན་ཡོད། གནས་ཚུལ་དེའི་ཁྲོད་དུ་ཁྱེད་ཀྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་མངོན་ ཞིང་། ནད་ཡམས་སླེབས་མ་ཐག་ཀྲུང་ཧྭ་མི་དམངས་ཀྱི་བུ་ཕྲུག་ཚང་མ་དངངས་སྐྲག་དང་འཇིགས་སྣང་དུ་ཚུད། འོན་ཀྱང་རྒྱལ་ཁབ་དེའི་མི་དམངས་རྣམས་ཀྱིས་རང་ཉིད་ཀྱི་འགན་འཁྲི་སེམས་ལ་བཅངས་ནས་ཚང་མས་དཔུང་པ་གཉམ་གཤིབས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས་དུས་ཚོད་ཐུང་ངུའི་ནང་མི་དམངས་ཀྱི་བདེ་ཐང་ཨང་དང་པོར་བརྩིས་ནས་རྒྱ་ལམ་ལམ་འགྲོ་ཚང་མའི་འགྲོ་ལམ་བཀག་མི་ཚང་མར་ཚ་དྲོ་དུས་གསུམ་ལ་ཚ་བ་རྒྱས་མིན་ལ་བལྟས། ནད་དུག་འགོག ་བྱེད་ཀྱི་ལག་ཆ་གཙོ་བོ་ཁ་རས་བརྒྱབ་བཅུག་མི་ཚང་མས་མི་སྒེར་གྱི་གཙང་སྦྲ་ལ་དོ་སྣང་བྱས། དགོན་སྡེ་ཁག་སོགས་འདུ་འཛོམས་མང་བའི་སར་འགྲོ་མི་ཆོག་པ་ལ་སོགས་པའི་བཀོད་བསྒྲིགས་དང་གཏན་འབེབས་བྱས། ཚང་མས་གཏན་འབེབས་དེར་ལག་སྟར་དང་རྒྱབ་སྐྱོར་བྱས། གོས་དཀར་གྱི་ལྷ་རྗེ་རྣམས་ལ་སོགས་པའི་དཔའ་བོ་རྣམས་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ནང་གི་ལས་ཡུལ་དང་པོར་བསྐྱོད། དེ་ལྟ་བུའི་རྣམ་པ་མཐོང་བས་ན་མཐུན་སྒྲིལ་གྱི་སྟོབས་ཤུགས་ནི་ཧ་ཅང་ཆེན་པོ་ཡིན་པ་ཤེས། དེ་ལྟ་བུའི་ཛ་དྲག་གི་ནད་ཡམས་ཁྲོད་རྒྱལ་ཁབ་ཀྲུའུ་ཞི་སྐུ་ངོ་མས་མི་དམངས་ཀྱི་བདེ་ཐང་ཐད་ལ་ཐུགས་ཁུར་ཆེན་པོ་མཛད་ནས་རྒྱལ་ནང་གི་ས་ཆ་ཁག་ཏུ་ལྟ་བསྐོར་དུ་ཕྱིན་ཏེ་དམིགས་གསལ་གྱི་གནས་ཚུལ་དེའི་ཁྲོད་དུ་མི་དམངས་ཚང་མ་ཀྲུའུ་ཞིའི་སྐུ་མདུན་དུ་འགྲོ་མི་ཆོག་པའི་རྐྱེན་རང་སོ་སོའི་ཁང་པའི་ཤེལ་སྒོ་ནས་ལག་པ་གཡུགས་གཡུགས་བྱས། ལུས་སྟོབས་ཆེ་ལ་དགུང་ལོ་བགྲེས་ཤིང་གཙང་སྦྲ་ལ་དོད་པའི་ཀྲུའུ་ཞིས་ཀྱང་སྔོ་གཙང་གི་ཁ་རས་བརྒྱབ་ནས་མགོ་བོ་ཡར་བཏེགས་ཏེ་“ང་ཚོ་ཚང་མ་མཐུན་སྒྲིལ་ལ་བརྟེན་ནས་ནད་ཡམས་དེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན”ཞེས་གསུངས།

    གང་ལྟར་ཡང་དེ་ལྟ་བུའི་རྒྱལ་ཁབ་ཏུ་འཚོ་བ་ནི་དངོས་གནས་བསོད་ནམས་རེད། རྒྱལ་ཁབ་ཁག་གཅིག་དང་མི་འདྲ་བར་འགན་ཁུར་ཆེ་བ། འཆམ་མཐུན་ཆེ་བ།བརྩོན་པ་ཆེ་བ་དེ་ཙམ་གྱིས་ཁྱེད་ལ་ཆགས། ངས་ཁྱེད་ལ་བསྟོད་བསྔགས་བསྟོད་མི་ཚར་ལ་ཁྱེད་ཀྱིས་ལོ་རྒྱུས་ཀྱང་བརྗོད་ཀྱང་བརྗོད་མི་ཚར། ཁྱེད་ནི་ཅི་འདྲའི་རླབས་ཆེ་བ་ལ་ཨང་། ང་ཡི་མེས་རྒྱལ།


  • ལེ་ཚན་སྔོན་མ།:ཏང་སྲིད་བཟང་པོར་བསྔགས་པ།
  • ལེ་ཚན་རྗེས་མ།:གཉིད་ལས་སད་རྗེས།