2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།

སྐལ་ཐུབ་དང་མཁས་གྲུབ། བདེ་ཆེན། དངོས་གྲུབ།        2017-08-14

2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།

    སྤྱི་ཟླ8པའི་ཚེས12ཉིན་གྱི་སྔ་དྲོར། 2017ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་དུས་ཆེན་ལས་སྐབས་གསུམ་པའི་འདབ་པའི་ཉི་སྟེན་གྱི་སྲོལ་རྒྱུན་དམངས་སྲོལ་དུས་ཆེན་སྟོན་མཆོད་བསུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་འགོ་ཚུགས་པ་རེད།

     རྒྱལ་ཡོངས་དམངས་ཆེན་གྱི་ནང་སྲིད་ཁྲིམས་འཛིན་ཨུ་ལྷན་གྱི་ཨུ་ཡོན་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱི་ཆེད་འགན་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་པོའི་འགན་བཞེས་མཁན་ལི་ཧུའེ་ཏུང་དང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་སྤྱི་ཚོགས་ཞབས་འདེགས་པུའུ་ཡི་པུའུ་ཀྲང་པན་ཞུན་ཀོང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་འགན་ཀྲུའུ་ཞི་གཞོན་པ་ཀྲེན་ཞའོ་པིང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་དང་སྤྱི་ཚོགས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའེ་ཡུས་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་དབུ་ཁྲིད་དུས་སྟོན་དུ་ཞུགས་པ་རེད།

2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།

     ཁུལ་འགོ་ཁྲིད་ལི་ཁང་དང་ལི་ཅང་། བྱམས་བློ། ཐེན་ཞའོ་ཀྲེན། ལི་ཀྲི་མིང་། ཁང་ཀོང་ཡིའུ། ཧྥན་ཝུན་ཧྭ། ཝུའུ་ལིའང་ཅུན། ལི་ཕེང་ཧྥེང་སོགས་དུས་སྟོན་དུ་ཞུགས་པ་རེད།

འདབ་པ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཧྥན་ཡུས་ལིའང་གིས་བྱེད་སྒོའི་གཙོ་འགན་བཞེས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་སྟོན་མཆོད་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

   འགོ་ཚུགས་མཛད་སྒོའི་མི་རིགས་གླུ་གར་ཆེ་གྲས་འཁྲབ་སྟོན་བྱ་འགོ་ཚུགས་ཤིང་འཆི་མེད་དབང་མོ་དང་ལིན་ཧྥེང་གིས་མདོ་འཛིན་བྱས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་དར་བསྒྲེངས་རྗེས་འདབ་པ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཙེང་ཀོན་ཧོས་ཤིས་ཚིག་ཕུལ་བ་རེད། ཁོང་གིས་དེ་རིང་ང་ཚོ་སའི་གོ་ལའི་ཆེས་མཐའ་མའི་དག་ཞིང་སྟེ་འདབ་པའི་ཉི་སྟེན་དུ་ལྷན་འཛོམས་བྱས་ཏེ་སྟོན་མཆོད་དུས་ཆེན་བསུ་བའི་སྐལ་བ་བྱུང་བས་རྟེན་འབྲེལ་ཤིན་ཏུ་བཟང་། ཉེ་བའི་ལོ་ཤས་རིང་ལ་ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་འོག་དང་།ཞིང་ཆེན་དང་ཁུལ་གྱི་སྡེ་ཚན་ཁག་དང་སྤུན་ཟླ་རྫོང་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཆེན་པོའི་འོག   འདབ་པ་རྫོང་དུ་ཉི་སྟེན་ལྗོངས་ཁུལ་གྱིས་སྣེ་ཁྲིད་བྱེད་པའི་ནུས་པ་ཐོན་ཞིང་མཚོ་ལའི་ཡུལ་སྐོར་བརྒྱུད་ཡུལ་གྱིས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་སོང་བས། ཕྱོགས་མང་དང་གནས་མང་གིས་འདེགས་སྐྱོར་བྱེད་པའི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གནས་བབ་ཅིག་རིམ་བཞིན་ཆགས་ཟིན་ཞིང་། ཡུལ་སྐོར་ཐོན་ལས་དེ་དམངས་ཕྱུག་རྫོང་འབྱོར་གྱི་ཀ་སྐྱོར་གསར་པར་ཆགས་ཡོད་པ་རེད།

2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།
2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།
2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།

ཕྱིན་ཆད་ང་ཚོས་སྐྱེ་ཁམས་སྔོན་སྐྱོང་དང་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོའི་འདུ་ཤེས་དྲག་པོར་བཅངས་ནས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་ཨུའི་ལས་ཀའི་བླང་བྱ་ཁག་དོན་ཐོག་འཁྱོལ་བར་བྱས་ཏེ་གྲུབ་འབྲས་སྔར་ལས་ཆེ་བས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན་ཞེས་པ་ནི་དབྱར་ཕར་བསྐྱལ་སྟོན་ཚུར་བསུ་བའི་དུས་ཆེན་ཞིག་ཡིན་ལ། འདབ་པ་རྫོང་གི་དམངས་སྲོལ་རིག་གནས་དུས་ཆེན་ཞིག་ཀྱང་ཡིན་པ་རེད། དུས་ཚིགས་འདིར་གནམ་ངོ་དྭངས་ཤིང་བསིལ་ལ།རྩྭ་ཐང་གཡུ་ཡི་མེ་ལོང་ལྟར་གྱུར་ཞིང་། རྩི་ཤིང་གི་ལོ་འདབ་ཡོངས་སུ་རྒྱས་པ་དང་། མེ་ཏོག་སྣ་བརྒྱ་རྣམ་པར་བཀྲ་བ། དབྱར་སྟོན་མཚམས་ཀྱི་ཡུལ་ལྗོངས་ཆེས་མཛེས་སྡུག་ལྡན་པ་དེ་མངོན་པ་ཡིན་པས་དུས་ཆེན་རོལ་བའི་དུས་ཚོད་ཆེས་ལེགས་ཤོས་ཡིན་པ་རེད། དུས་ཆེན་གྱི་རིང་ལ། ས་གནས་དེ་གའི་མི་སེར་རྣམས་ཀྱིས་ནགས་གསེབ་དང་རྩྭ་ཐང་དུ་གུར་ཕུབ་སྟེ་ཐབ་ཆས་དང་ཉལ་ཆས་ཁུར་ནས་མཉམ་འཛོམས་བྱས་ཐོག་གླུ་ལེན་བྲོ་འཁྲབ་དང་། རྟ་རྒྱུག་འགྲན་རྩལ་སོགས་བྱེད་སྒོ་སྣ་མང་སྤེལ་ནས་སྐྱིད་པོ་བཏང་སྲོལ་ཡོད་པ་རེད།

2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།
2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།
2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།
2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།

     ཤེས་རྟོགས་བྱུང་བར་གཞིགས་ན། འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས་ད་དུང་མུ་མཐུད་ནས་ཁྱད་ཆོས་ལྡན་པའི་རྟ་རྒྱུག་འགྲན་རྩལ་དང་རླངས་འཁོར་འགྲེམས་སྟོན་འདུ་ཚོགས། ཡུལ་ཐོན་ཁྱད་རྫས་མྱོང་རོལ། ས་གནས་ཀྱི་རིག་གནས་ཡུལ་སྐོར་ཚོང་རྫས་འགྲེམས་ཚོང་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།
  • ལེ་ཚན་རྗེས་མ།:2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།
  • དོ་སྣང་ཆེ་བའི་རྩོམ།