ཝང་ཏུང་མིང་གིས་བཀོད་འདོམས་པུའུ་ཡི་ཐེངས་དང་པོའི་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ།

        2017-08-11

 

ཝང་ཏུང་མིང་གིས་བཀོད་འདོམས་པུའུ་ཡི་ཐེངས་དང་པོའི་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ།

སྤྱི་ཟླ་8པའི་ཚེས་9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། “8·8”གཟི་ཚ་སྡེ་དགུའི་ས་འགུལ་གནོད་འགོག་སྐྱོན་སེལ་བཀོད་འདོམས་པུའུ་ཡི་འགན་འཛིན་པ་ཝང་ཏུང་མིང་གིས་གཟི་ཚ་སྡེ་དགུའི་གནམ་ཐང་ནས་བཀོད་འདོམས་པུའུ་ཡི་ཐེངས་དང་པོའི་གྲོས་ཚོགས་ལ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལི་ཁེ་ཆང་གི་མཆན་བཀོད་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་ལག་བསྟར་དང་གནོད་འགོག་སྐྱོན་སེལ་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། བཀོད་འདོམས་པུའུ་ཡི་འགན་འཛིན་པ་དབྱི་ལི་གྲོས་ཚོགས་ལ་ཞུགས། 
   ཝང་ཏུང་མིང་གིས་གཟི་ཚ་སྡེ་དགུ་ལ་ཚད་རིམ་7.0ཅན་གྱི་ས་འགུལ་བྱུང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་དུས་ཐོག་ཏུ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནན་ཏན་གྱིས་ཀྲུང་དབྱང་གི་མཛུབ་སྟོན་བླང་བྱ་ལག་བསྟར་བྱས་ཏེ་དུས་ཐོག་ཏུ་རིམ་པ་དང་པོའི་བབ་བསྟུན་གནོད་སེལ་གྱི་འཆར་གཞིར་ཇུས་འགོད་བྱས་ཤིང་མགྱོགས་མྱུར་སྒོས་གནོད་འགོག་སྐྱོན་སེལ་བཀོད་འདོམས་པུའུ་བཙུགས་ཤིང་དེའི་ཁོངས་གཏོགས་སུ་ལས་ཀའི་ཚན་ཆུང་འགའ་བཙུགས་ནས་མྱུར་སྐྱོབ་ཉེན་འགོག་ལས་ཀ་གོ་རིམ་ལྡན་པར་སྤེལ་ཞེས་བསྟན།  
    ཝང་ཏུང་མིང་གིས་མིག་སྔར་དང་རྗེས་མའི་གནོད་འགོག་སྐྱོན་སེལ་ལས་ཀ་དམ་འཛིན་བྱེད་པར་བཀོད་སྒྲིག་དང་བླང་བྱ་བཏོན་པ་སྟེ། གཅིག་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་འཚོལ་སྐྱོབ་ཀྱི་ལས་ཀ་སྤེལ་དགོས། གཉིས་ནས་ཐབས་བརྒྱ་ཇུས་སྟོང་གིས་རྨས་མ་མྱུརསྐྱོབ་བྱ་དགོས། གསུམ་ནས་མུ་མཐུད་དུ་བགྲོད་ལམ་དང་གློག་ཤུགས། འཕྲིན་སྦྱོར་སོགས་ཀྱི་མྱུར་བཟོ་ཤར་གཏོང་ལས་ཀར་དམ་འཛིན་བྱ་དགོས། བཞི་ནས་འོས་མཐུན་སྒོས་མང་ཚོགས་གནས་སྤོ་བདེ་འགོད་བྱ་དགོས། ལྔ་ནས་མུ་མཐུད་དུ་ཁ་བཀྲམ་བྱས་པའི་མི་སྣ་དང་ལྷག་པར་ཡུལ་སྐོར་བ་དག་མིག་སྔའི་གཙོ་གནད་དུ་འཇོག་དགོས། དྲུག་ནས་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་དང་གནོད་འཚེ་བསྐྱར་དུ་བྱུང་ནས་གྱོད་གུད་གསར་པ་འབྱུང་བར་སྔོན་འགོག་བྱ་དགོས། བདུན་ནས་གནོད་འཚེ་ཐེབས་ཁུལ་གྱི་སྤྱི་ཚོགས་སྤྱིའི་བརྟན་བརླིང་ལ་འགན་སྲུང་བྱ་དགོས། བརྒྱད་ནས་དྲིལ་བསྒྲགས་གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།།


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀར་སྐུལ་འདེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།
  • དོ་སྣང་ཆེ་བའི་རྩོམ།