ས་གནས་དང་ཁེ་ལས་བར་གྱི་མཉམ་ལས་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2020-06-15

    སྤྱི་ཟླ6པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་རུ་ཁག་ཁྲིད་ནས་ཏེ་རེན་ཐང་མ་རྐང་ཚོད་འཛིན་ཚོགས་པར་འཚམས་འདྲི་གནང་ཞོར་རྟོག་ཞིབ་མཛད་པར་མ་ཟད། ཚོགས་པའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ལིན་ཀུའུ་ཤིན་དང་བཅས་པས་འབྲེལ་ཡོད་ལས་གཞིའི་མཉམ་ལས་ཐད་འབྲེལ་གཏུག་དང་ངོ་འཕྲད་གྲོས་མོལ་བྱས་པ་རེད།

    བཞུགས་མོལ་བྱེད་སྐབས་ཞའོ་ཡིའུ་ཚའེ་ཡིས་ཏེ་རེན་ཐང་ཚོགས་པས་བདེ་ཐང་ཐོན་ལས་ཆེན་པོ་དང་ཀྲུང་ལུགས་གསོ་རིག་གི་དངོས་བཅོས་དང་ཐོན་རྫས་ཞིབ་འཇུག་གསར་གཏོད། ཚོང་ར་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏེ་རེན་ཐང་ཚོགས་པ་ལྟ་བུའི་ལེགས་ཆའི་ཁེ་ལས་དཀར་མཛེས་ཁུལ་དུ་མ་དངུལ་བཏང་ནས་ཐོན་ལས་དར་རྒྱས་གཏོང་དུ་ཡོང་བར་སྤྲོ་སེམས་འཕེལ་བའི་དགའ་བསུ་ཞུས་ནས། ཚོགས་པས་དཀར་མཛེས་ཁུལ་དུ་མ་དངུལ་འཇོག་པའི་ལས་གཞིར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཕྱོགས་ཡོངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་སྲིད་དོན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལིན་ཀུའེ་ཞིན་གྱིས་དཀར་མཛེས་ཁུལ་དུ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མ་དངུལ་གཏོང་འཇོག་གི་མདུན་ལམ་རྒྱ་ཆེན་པོ་ཡོད་ཅིང་། མངོན་གསལ་སྒོ་འབྱེད་དང་ཁོར་ཡུག་ལེགས་པའི་ས་ཁུལ་ཞིག་ཡིན་པར་བརྟེན་ཏེ་རེན་ཐང་གི་མ་རྐང་ཚོད་འཛིན་ཚོགས་པས་དཀར་མཛེས་ཁུལ་དང་མཉམ་ལས་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་རྒྱུའི་རེ་སྒུག་བྱས་ནས་ཀྲུང་ལུགས་གསོ་རིག་སྨན་བཅོས་དང་ལུས་གསོ་ནད་སྐྱོང་། ལུས་རྩལ་ལུས་གསོ། རིག་གནས་སྒྱུ་རྩལ། བདེ་ཐང་སློབ་གསོ། ཡུལ་སྐོར་སྤྲོ་གསེང་། སྐྱེ་ཁམས་ཞིང་ལས། ཐཱན་ཉུང་ནུས་རྒྱུ། ལྗང་མདོག་འཚོ་གནས་བཅས་གནས་དགུ་གཞི་གཅིག་ཅན་གྱི་བདེ་གསོའི་ཁྱད་ཆོས་ཐོན་ལས་གཅིག་འདུས་ཡིན་ཞིང་། ཀྲུང་ཧྭའི་ཚོང་རྟགས་རྙིང་པའི་སྤུས་རྟགས་གཉིས་ཀྱིས་དཀར་མཛེས་ཁུལ་གྱི་བདེ་གསོའི་ཐོན་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་པར་མ་ཟད།། རྒན་གསོ་ཚབ་གཉེར་དང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ། སྐྱེ་ཁམས་ཞིང་ལས་སོགས་ཀྱི་ཁྱབ་ཁོངས་སུ་དེ་བས་གཏིང་ཟབ་པའི་མཉམ་ལས་འཚོལ་ཞིབ་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:དབྱང་ཁྲོན་ཐང་གིས་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་སི་ཁྲོན་དུ་བརྟག་ཞིབ་གནང་བར་ཕེབས།
  • ལེ་ཚན་རྗེས་མ།:གཞིས་ཆགས་ཡུལ་སྐོར་འཚམ་པའི་ཡུལ་ལྗོངས་མཛེས།། ཐོན་ལས་དར་རྒྱས་བྱུང་ནས་འཚོ་བ་སྐྱིད།།
  • དོ་སྣང་ཆེ་བའི་རྩོམ།