དབྱང་ཁྲོན་ཐང་གིས་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་སི་ཁྲོན་དུ་བརྟག་ཞིབ་གནང་བར་ཕེབས།

ལྷ་འཛོམས་ཀྱིས་བསྒྱུར།        2020-06-15

     སྤྱི་ཟླ6པའི་ཚེས2ཉིན་ནས་ཚེས5ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུའི་ཏང་ཙུའི་ཧྲུའུ་ཅི་དབྱང་ཁྲོན་ཐང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི“སྤུས་ཀ་ཡག་པོའི་དབུལ་ཐར་འགག་སྒྲོལ་ཐུབ་རྒྱུ་དང་བལྟོས་བཅས་ཀྱི་དབུལ་པོ་ཐག་གཅོད་བྱེད་པར་ཕན་ཡུན་རིང་བའི་ལམ་སྲོལ་འཛུགས་པའི”ཆེད་དོན་བརྟག་ཞིབ་ཀྱི་ཚོགས་ཆུང་སྣེ་ཁྲིད་དེ་སི་ཁྲོན་དུ་བརྟག་ཞིབ་གནང་བར་ཕེབས་པས་མ་ཚད། ད་དུང་ལིའང་ཧྲན་ཁུལ་ཤིས་ཁྲང་གྲོང་ཁྱེར་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་འཇོག་གནང་བ་དང་སྤེལ་རེས་གནང་སྟེ་བཞུགས་མོལ་བྱས་པ་རེད། ཚེས6ཉིན་གྱི་ཕྱི་དྲོར། དབྱང་ཁྲོན་ཐང་ཁྲེང་ཏུའུ་རུ་འཚོགས་པའི་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུའི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པས་མ་ཚད་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ཡིས་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་རེད།

     དབྱང་ཁྲོན་ཐང་གིས་བརྟག་ཞིབ་གནང་སྐབས་གསུངས་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་བླ་ན་མེད་པའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་དམིགས་ནས་སྲིད་གླེང་ཇུས་འདོན་བྱ་རྒྱུ་དེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ནང་དོན་གལ་ཆེན་དུ་བརྩིས་པ་རེད། སྤྱི་ཟླ6པའི་ཟླ་སྨད་དུ་རྒྱལ་ཡོངས་སྲིད་གྲོས་ཀྱིས“སྤུས་ཀ་ཡག་པའི་དབུལ་ཐར་འགག་སྒྲོལ་ཐུབ་རྒྱུ་དང་བལྟོས་བཅས་ཀྱི་དབུལ་པོ་ཐག་གཅོད་བྱེད་པར་ཕན་ཡུན་རིང་བའི་ལམ་སྲོལ་འཛུགས་རྒྱུ”ཡིས་གྲོས་གཞི་བྱས་པའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་རྒྱུ་ཡིན་པར་བརྟེན། ཚོགས་འདུ་མ་འཚོག་སྔོན་དུ་སི་ཁྲོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་དུ་འོངས་པའི་དམིགས་ཡུལ་ནི་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་རྒྱུས་ལོན་བྱེད་པའི་དུས་མཚུངས་སུ། ཉམས་མྱོང་སྔར་བས་ཕྱོགས་སྡོམ་དང་ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་བ། བལྟོས་བཅས་ཀྱི་དབུལ་པོ་ཐག་གཅོད་བྱེད་པར་ཕན་ཡུན་རིང་བའི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་དང་འཛུགས་སྐྱོང་བྱ་ཆེད་ཡིན་པ་རེད།

      སི་ཁྲོན་དུ་བརྟག་ཞིབ་གནང་སྐབས་བརྟག་ཞིབ་ཚོགས་ཆུང་གིས་སྔོན་རྗེས་སུ་ལིའང་ཧྲན་ཁུལ་ཞི་ཁྲང་གྲོང་ཁྱེར་དང་། ཀྲའོ་ཅུའེ་རྫོང་། ཞི་ཏེ་རྫོང་བཅས་སུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཡུལ་དང་པོའི་གནས་ཚུལ་རྒྱུས་ལོན་གནང་བ་རེད། སི་ཁྲོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་དང་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་བཅས་གདན་འདྲེན་ཞུས་ནས་ཇི་ལྟར་བྱས་ཏེ་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏང་རྒྱུ་དང་། ཕྱོགས་ཡོངས་ནས་དབུལ་ཐར་དང་གྲོང་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏང་རྒྱུ། བལྟོས་བཅས་ཀྱིས་དབུལ་ཕོངས་དབྱེ་འབྱེད་དང་། རོགས་སྐྱོར། ལྟ་སྐུལ། དཔྱད་ཞིབ། འདེགས་འཇོག་བཅས་ཐག་གཅོད་བྱེད་སྟངས་ཀྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏང་རྒྱུ། དབུལ་ཕོངས་བཅོས་སྐྱོང་མ་ལག་འཛུགས་སྐྱོང་དང་དབུལ་ཕོངས་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏང་རྒྱུ་སོགས་ཀྱི་གནད་དོན་ལ་རྒྱུས་ལོན་དང་དཔྱད་བསྡུར་གཏིང་ཟབ་བྱས་པ་རེད། དབྱང་ཁྲོན་ཐང་དང་བཅས་པ་ད་དུང་དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་དང་རོང་བྲག་རྫོང་། རྔ་བ་ཁུལ་གྱི་བཙན་ལྷ་རྫོང་། ཁྲོ་ཆུ་རྫོང་བཅས་སུ་ཕེབས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་དམིགས་འཛུགས་དབུལ་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།། 


  • ལེ་ཚན་སྔོན་མ།:རང་ཡུལ་རང་གིས་བསྐོར་ནས་དར་རྩེ་མདོ་རུ་འཛོམས་བྱུང་།
  • ལེ་ཚན་རྗེས་མ།:ས་གནས་དང་ཁེ་ལས་བར་གྱི་མཉམ་ལས་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱས།
  • དོ་སྣང་ཆེ་བའི་རྩོམ།