ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་རང་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་ཕེབས།

        2017-07-20

ཟླ་བ7པའི་ཚེས7ནས8ཉིན་བར་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་ཡུས་ཧུའེ་ཝན་གྱིས་་དཔོན་འགན་ཁུར་བའི་ཞིང་ཆེན་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ཆེད་དོན་ལྟ་སྐུལ་ཚོ་ཆུང་རང་ཁུལ་དུ་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཆེད་དོན་ལྟ་སྐུལ་བྱས་ནས་ཉིན་གཉིས་ཀྱི་དུས་ཚོད་ནང་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་རང་ཁུལ་གྱི་གངས་དཀར་རི་བོ་རྒྱལ་ཁབ་རིམ་པའི་རང་སྐྱོང་སྲུང་སྐྱོང་ས་ཁུལ་གྱི་ལྕགས་ཟམ་རྫོང་གི་ས་ཁོངས་སུ་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དོ་དམ་སོགས་ལས་ཀའི་ཐད་ཀྱི་གནད་དོན་རིགས་སྣ་ཚོགས་ལ་རྟོག་ཞིབ་གནང་བས་མ་ཚད། ཚོགས་ཆེན་འཚོགས་ཏེ་སྙན་སེང་ཞུས་པ་དང་ལས་ཀའི་བཞུགས་མོལ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་རང་ཁུལ་གྱི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཐད་བླང་བྱ་ཞིབ་ཕྲ་བཏོན་པ་རེད།

ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་དཀར་མཛེས་ཁུལ་ལ་ངེས་པར་དུ་རང་བཤེར་རང་བཅོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དག་བཅོས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་ཅིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས་ཏེ་བྱ་ཐབས་ནུས་ལྡན་བླངས་ཏེ་གནད་དོན་དག་བཅོས་ལ་སྐུལ་འདེད་གཏོང་ཞིང་། དག་བཅས་ལས་ཀར་དངོས་འཛིན་ནན་འཛིན་བྱས་ནས་དག་བཅོས་ལས་ཀར་ཕན་འབྲས་དངོས་ཐོབ་པར་བྱ་དགོས། གོང་འོག་མཉམ་འགུལ་བྱས་ནས་གཅིག་བསྡུས་ཀྱིས་གནད་དོན་མངོན་གསལ་དོད་པོ་ཡོད་པ་དེ་ཐག་གཅོད་བྱ་དགོས། ཁྲིམས་སྐྱོང་ནན་པོ་དང་ཞིབ་བཤེར་ནན་པོ་བྱས་ནས་དོ་དམ་དང་ཞིབ་བཤེར་ནན་པོ་བྱ་རྒྱུ་དེ་རྒྱུན་རྣམ་དུ་ཆགས་སུ་བཅུག་པ་དང་འགན་འཁྲི་བདའ་དེད་གཏང་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐན་ཆང་གིས་ལྟ་སྐུལ་ཞིབ་བཤེར་ལ་ཕེབས་རོགས་མཛད་པ་དང་ལྟ་ཞིབ་ཚོ་ཆུང་ལ་རང་ཁུལ་གྱི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་འཛུགས་སྐྲུན་དོ་དམ་དང་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ནང་གི་གནད་དོན་དང་དག་བཅོས་གནས་ཚུལ་སྙན་སེང་ཞུས་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
  • ལེ་ཚན་རྗེས་མ།:ཁུལ་ཨུ་འགོ་ཁྲིད་ཉག་རོང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་དང་དབུལ་ཐར་འགག་སྒྲོལ་ལྟ་སྐུལ་ཚོགས་འདུར་ཕེབས་ནས་ཁྲིད་སྟོན་གན
  • དོ་སྣང་ཆེ་བའི་རྩོམ།