ཉག་ཆུ་རྫོང་གིས་ཁམས་པའི་ཕོ་རྒོད་གྲོང་ཚོAབཞི་རིམ་པའི་མཛེས་ལྗོངས་ས་ཁུལ་སྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ།

མཁས་གྲུབ་ཀྱིས།        2017-07-13

སྤྱི་ཟླ7པའི་ཚེས8ཉིན། སི་ཁྲོན་དཀར་མཛེས་རི་ཁུལ་ཡུལ་སྐོར་དུས་ཆེན་གྱི་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་གྲོང་ཚོAབཞི་རིམ་པའི་མཛེས་ལྗོངས་ས་ཁུལ་སྐྲུན་འགོ་ཚུགས་པའི་མཛད་སྒོ་ཉག་ཆུ་ཁའི་ཁམས་པའི་ཕོ་རྒོད་གྲོང་ཚོ་རུ་སྤེལ་བ་རེད།

ཐེངས་འདིའི་མཛད་སྒོ་ནི་ཉག་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས།མགོ་ལོག་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་ཁུར་བ་རེད། ཞོགས་པའི་ཆུ་ཚོད་བཅུ་པའི་ཐོག་མཛད་སྒོའི་འགོ་ཚུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ་དང་སྐུ་མགྲོན་རྣམས་ཁམས་པའི་ཕོ་རྒོད་གྲོང་ཚོའི་མཛེས་ལྗོངས་ས་ཁུལ་དུ་འཛོམས་ནས་མཛད་སྒོའི་དགའ་སྟོན་ལ་མཉམ་རོལ་བྱས་པ་རེད།

ཕྱི་དྲོར། མེ་ཏོག་སྣ་ལྔའི་འཛུམ་མདངས་བཞད་པའི་ཁམས་པའི་ཕོ་རྒོད་གྲོང་ཚོའི་གུར་གུམ་སྟེང་ན་ཁམས་པའི་ཕོ་རྒོད་རྣམས་ཀྱིས་རྟ་ཐོག་ནས་ཁ་བཏགས་ལེན་པ་དང་བང་རྩལ་འགྲན་པ་སོགས་སྐྱ་རྩལ་སྣ་དགུས་གཟིགས་མོ་བ་རྣམས་ཀྱི་མིག་དབང་ཡོངས་སུ་འཕྲོག་པར་བྱས་སོ།།

  • ལེ་ཚན་སྔོན་མ།:གོང་རིམ་ཏང་གི་སྲིད་ཇུས་བཟང་པོ་ཡི། ། སྙིང་དོན་དམངས་ཀྱི་སྙན་དུ་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་སྡེ་དགེ་རྫོང་དུ་ཆུ་ལོག་གི་ཉེན་ཁ་མྱུར་སེལ་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།