གླིང་ཡུལ་གྱི་མཛེས་སྡུག་བསྒྲུགས་ཏེ་སྙན་ངག་གིས་གླིང་བཞིར་སྒྲོག

ཆོས་དབྱིངས་ནོར་བུ།        2020-06-04

གླིང་ཡུལ་གྱི་མཛེས་སྡུག་བསྒྲུགས་ཏེ་སྙན་ངག་གིས་གླིང་བཞིར་སྒྲོག

     ཉེ་ཆར། སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་དང་པར་ལེན་མཐུན་ཚོགས་གཉིས་ཀྱིས་གླིང་ཡུལ་གྱི་མཛེས་སྡུག་བསྒྲུགས་ཏེ་སྙན་ངག་གིས་གླིང་བཞིར་སྒྲོག་ཅེས་པའི་གསར་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

     ཐེངས་འདིའི་གསར་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་པའི་པར་ལེན་མཐུན་ཚོགས་དེས། སྔ་གཞུག་ཏུ་གནམ་ཟླ་ལྷ་ལུང་དང་།  ཡིད་ལྷུང་ལྷ་མཚོ། སྟག་མཛེས་མཚོ་སོགས་རི་མཐོ་ས་གཙང་གི་མཛེས་སྡུག་པར་དུ་བླངས་ཡོད་པ་རེད།

གླིང་ཡུལ་གྱི་མཛེས་སྡུག་བསྒྲུགས་ཏེ་སྙན་ངག་གིས་གླིང་བཞིར་སྒྲོག

     རྒྱུས་ལོན་བྱུང་བར་གཞིགས་ན། ཉེ་བའི་ལོ་འདི་དག་གི་ནང་། སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་དང་པར་ལེན་མཐུན་ཚོགས་ཀྱིས་དུས་རབས་ཀྱི་འབོད་སྐུལ་དང་དུ་བླངས་ཤིང་།  གསར་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་དུ་ཟབ་ཞུགས་དང་། མང་ཚོགས་དང་ཉེ་སར་བཅར་ཏེ། མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ནས། ཞིང་འབྲོག་རི་གྲོང་གི་རི་ཆུའི་མཛེས་ལྗོངས་དེ་གསར་རྩོམ་གྱི་བརྗོད་བྱར་བཟུང་ནས། གནས་མཆོག་སྡེ་དགེའི་ཁྱད་ཆོས་ལྡན་པའི་རྩོམ་རིག་བརྩམས་ཆོས་དང་པར་ལེན་བརྩམས་ཆོས་གསར་གཏོད་བྱས་པས་མཐུན་ཚོགས་གཉིས་ཀྱི་དཔུང་ཁག་གི་མཛའ་མཐུན་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། མཐུན་ཚོགས་ཀྱི་ཁོངས་མིའི་པར་ལེན་ནུས་རྩལ་ཆེ་རུ་སོང་ཡོད་པ་རེད།

གླིང་ཡུལ་གྱི་མཛེས་སྡུག་བསྒྲུགས་ཏེ་སྙན་ངག་གིས་གླིང་བཞིར་སྒྲོག

     ཐེངས་འདིའི་གསར་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་ཀྱི་བྱེད་སྒོ་བརྒྱུད་དེ། མཐུན་ཚོགས་གཉིས་ཀྱི་འགན་ཁུར་བས་གོམ་པ་རྗེས་མའི་ལས་དོན་ལ་མཛུབ་སྟོན་ཡང་དག་པར་བྱས་པ་དང་། བསམ་བློའི་རིན་ཐང་ལྡན་པ་དང་། བརྗོད་དོན་ཡོད་པ། ཟབ་ཚད་ཡོད་པ། གསོད་ཉམས་ལྡན་པ། ཁྱད་ཆོས་མངའ་བ་བཅས་ཀྱི་རིག་རྩལ་བརྩམས་ཆོས་གསར་རྩོམ་ལ་འབད་འབུངས་དང་། སྡེ་དགེའི་རྣམ་པ་དང་འབྱོར་ཕྱུག། འཆམ་མཐུན། རིག་གནས་ཀྱི་ལེའུ་གསར་པ་ཞིག་བརྩམ་རྒྱུར་སྟོབས་ཤུགས་འབུལ་དགོས་ཞེས་བསྟན་ཡོད།


  • ལེ་ཚན་སྔོན་མ།:བདེ་སྐྱིད་ཀྱི་འཚོ་བ་ནི་དཀའ་སྤྱད་འབད་འཐབ་བྱས་ནས་བྱུང་།
  • ལེ་ཚན་རྗེས་མ།:སྐལ་བཟང་སྒྲོལ་མར་ཞིང་ཆེན་ཡོངས་ཀྱི་ཕ་ཡུལ་དུ་ལོག་པའི་ཞིང་པ་གླ་པའི་ལས་གཏོད་སྣེ་ཁྲིད་བྱེད་མཁན་གྱི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།