ལིའུ་ཁྲེང་མིང་གིས་དར་མདོའི་མི་ཉག་ལྟག་སྒོའི་སློབ་ཆུང་དུ་བྱིས་པ་ཚོ་དང་མཉམ་དུ“དྲུག་གཅིག”དུས་ཆེན་ལ་རྟེན་འབྲེལ་ཞུས།

ལྷ་འཛོམས་ཀྱིས་བསྒྱུར།        2020-06-03

   

ལིའུ་ཁྲེང་མིང་གིས་དར་མདོའི་མི་ཉག་ལྟག་སྒོའི་སློབ་ཆུང་དུ་བྱིས་པ་ཚོ་དང་མཉམ་དུ“དྲུག་གཅིག”དུས་ཆེན་ལ་རྟེན་འབྲེལ་ཞུས།

  སྤྱི་ཟླ6པའི་ཚེས1ཉིན་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོའི་སློབ་ཆུང་དུ་ཕེབས་ནས་ལོ་ཆུང་བྱིས་པ་ཚོར་འཚམས་འདྲི་གནང་བས་མ་ཚད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཁུལ་ཡོངས་ཀྱི་ལོ་ཆུང་བྱིས་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་ཆབས་ཅིག རྒྱ་ཆེའི་དགེ་རྒན་དང་ཁྱིམ་བདག་གྲོགས་པོ། ལོ་ཆུང་བྱིས་པ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སེམས་ཁུར་དང་གཅེས་སྐྱོང་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྐལ་བཟང་། ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཅིང་བྱེད་སྒོར་ཞུགས་པ་རེད།

    ལིའུ་ཁྲེང་མིང་དར་མདོའི་མི་ཉག་ལྟག་སྒོའི་སློབ་ཆུང་གི་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་ནང་ཁོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པས་མ་ཚད།སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། 

    ལིའུ་ཁྲེང་མིང་གིས་རྒྱ་ཆེའི་ལོ་ཆུང་བྱིས་ཚོའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། བཟང་གོམས། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་བཏང་སྟེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕུལ་བྱུང་རྒྱུན་འཛིན་པ་བརྩོན་ལེན་བྱ་དགོས། ཆུང་དུས་ནས་མིག་རྒྱང་རིང་བའི་ཕུགས་བསམ་བཅངས་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་ཕྱིར་འབད་འཐབ་བྱ་རྒྱུའི་ཆོད་སེམས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་བ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་བློ་ལ་བརྟན་པོར་བཅངས་ནས་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ཐུན་མོང་ལ་སེམས་ཁུར། སློབ་གྲོགས་ལ་མཐུན་སྒྲིལ། དགེ་རྒན་ལ་བརྩི་བཀུར། ཕ་མར་བསྙེན་བཀུར་ཞུ་བ། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་སྲུང་ཞུ་བ་བཅས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་བཟང་པོ་ཆགས་པ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

    ལིའུ་ཁྲེང་མིང་གིས་ད་དུང་སློབ་གྲྭར་ཆེད་དུ་ཏོག་གསར་གློ་རིམས་ཀྱི་འགོག་བཅོས་ཚོད་འཛིན་གྱི་བརྒྱུད་རིམ་བྱེད་ཐབས་ལ་ལྟ་ཞིབ་བྱས་ཤིང་སློབ་གྲྭའི་རིམས་ནད་འགོག་བཅོས་ཚོད་འཛིན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་སློབ་གྲྭའི་དགེ་རྒན་དང་།སློབ་མ། ཁྱིམ་བདག་བཅས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་གི་ཉེན་མེད་དང་འབྲེལ་བ་ཡོད་པས། སློབ་གྲྭས་རིམས་ནད་སྔོན་འགོག་་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་བྱེད་པ་ལས་ཕྱི་ཚུལ་ཙམ་དུ་གཏན་ནས་བྱེད་མི་རུང་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་འཐབ་ཇུས་ཆེན་པོ་དྲུག་དང་གྲོང་སྡེ་དར་རྒྱས་ཀྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང(རྒྱས་
  • ལེ་ཚན་རྗེས་མ།:དབྱང་དབུགས་མི་འདང་ནའང་དབུལ་ཐར་གྱི་སྙིང་སྟོབས་ཇེ་ཆེར་ཕྱིན།། མཚོ་འཕགས་མཐོ་ནའང་དབུལ་ཐར་གྱི་ཆོད་སེམས་དེ་བས་བརྟན།།
  • དོ་སྣང་ཆེ་བའི་རྩོམ།