མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་གཙོ་ཨ་ཁུ་པད་ལོས་དར་མདོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རྣམས་ལ་གོན་པ་ཞལ་འདེབས་གནང་།

མཁས་གྲུབ།        2017-07-10

མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་གཙོ་ཨ་ཁུ་པད་ལོས་དར་མདོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རྣམས་ལ་གོན་པ་ཞལ་འདེབས་གནང་།


     ཟླ་བ7པའི་ཚེས9ཉིན། དར་མདོ་གྲོང་ཁྱེར་མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་གཙོ་ཨ་ཁུ་པད་ལོས་དར་མདོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རྣམས་ལ་གོན་པ་ཞལ་འདེབས་གནང་བ་སྟེ། སློབ་མ1700ལྷག་ལ་མ་རྩ་སྒོར་ཁྲི20རི་བའི་གོན་པ་སྤུས་ལེགས་ཀྱི་ཞལ་འདེབས་གནང་བ་རེད།

མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་གཙོ་ཨ་ཁུ་པད་ལོས་དར་མདོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རྣམས་ལ་གོན་པ་ཞལ་འདེབས་གནང་།


     ཁོང་གིས་རང་ནུས་ཅི་ལྕོགས་ཀྱིས་གཞན་ལ་རོགས་རམ་ཕྲན་བུ་བགྱིས་པ་དེ་ནི་སྙན་གྲགས་ཁྱབ་བྱེད་ཙམ་གྱི་དམིགས་ཡུལ་གཏན་ནས་མིན་ལ། དེ་ནི་རང་གི་ནུས་ཚོད་ཀྱིས་ཕ་ཡུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་རྣམས་ལ་འཚོ་བའི་དཀའ་སྡུག་ཕྲན་བུ་རེ་སེལ་ཅི་ཐུབ་བྱ་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་པ་དང་། ཁོང་གིས་ད་དུང་སློབ་མ་རྣམས་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ཆ་རྐྱེན་དགུ་འཛོམས་ཀྱི་སློབ་གྲྭ་འདི་ལྟ་བུའི་ནང་དུ་ཞུགས་ཐུབ་པ་ནི་རང་གི་ལས་སྐལ་བཟང་བ་དང་། བོད་རྒྱ་དབྱིན་གསུམ་གྱི་རིག་པའི་གནས་ཀུན་ལ་འབད་པ་ལྷོད་མེད་བྱས་ནས་རྗེས་སུ་རྒྱལ་ཁབ་དང་མི་རིགས་ལ་ཕན་འདོགས་པའི་ཤེས་ཡོན་པ་ཞིག་ཏུ་ཡོང་བའི་བཀའ་སློབ་དང་རེ་སྨོན་ཡང་ཡང་གནང་བ་རེད།


  • ལེ་ཚན་སྔོན་མ།:འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་ཡུན་རིང་བདེ་འགོད་ལ་དམིགས་ཏེ་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ལེགས་འཛིན་བྱ་དགོས
  • ལེ་ཚན་རྗེས་མ།:2017ལོར་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་བུ་རྒྱུད་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོར་རྒྱུད་པ་འཚོལ་བའི་དབྱར་སྒར་སྤྲོ་སེང་གི་བྱེད་སྒོ་རང་ཁུལ་དུ་སྤེལ་སར་ཡོང་།
  • དོ་སྣང་ཆེ་བའི་རྩོམ།