མགུར་ཆུང་སྣ་བརྒྱད།

རྣོ་རིག་མདའ།        2020-05-29

ལུས་ཀྱི་ཕུང་པོ་རྨི་ལམ་མཚེར་ན་གདའ།།

ངག་གི་དམ་ཚིག་བྲག་ཆེན་སྟེང་དུ་དོད།།

ཡིད་ཀྱི་དྲན་པ་མཛའ་མཐུན་ཕྱོགས་སུ་གཡུག།

སྙན་པའི་ཚིག་འདི་རི་ཆེན་མདོ་ནས་བརྡོལ།།

མིག་ཟུང་གསེབ་ལ་བུ་མོའི་ཞལ་རས་མཇལ།།

བྱང་ཆུབ་ཐང་ལ་འདབ་བརྒྱའི་མེ་ཏོག་འཁྲུངས།།

མཚོ་མོ་གཞུང་ལ་གསེར་མིག་ཉ་མོར་འཁོར།།

རི་བོའི་དགུང་ནས་གླུ་གཞས་དབྱངས་སུ་གྱེར།།

དོག་མོའི་ས་ལས་ལྡེམ་ལྡེམ་ཞབས་བྲོ་འཁྲབ།།

གསེར་ཆུ་མཚོ་ལ་སྐོར་བ་ལན་གསུམ་བསྐོར།།

རྨི་ལམ་གྲོང་ནས་ཐེངས་གཅིག་ཐེངས་གཉིས་འཕྲད།།

བདག་གི་ཚེ་ཚད་དེ་དང་དེ་བཞིན་འདས།།


  • ལེ་ཚན་སྔོན་མ།:ཁྱེད།
  • ལེ་ཚན་རྗེས་མ།:ཀ་ཕྲེང་བྱིས་པའི་དྲུག་གཅིག་བསུ།