བརྩེ་དུང་ཟོལ་མེད་བཅངས་ནས་གཅེས་སེམས་འབུལ། འབད་འཐབ་ལྷད་མེད་བྱས་ཏེ་དམངས་དོན་སྒྲུབ།

ལྷ་འཛོམས་ཀྱིས་བསྒྱུར།        2017-07-03

      བདུན་གཅིག་ཏང་འཛུགས་དུས་ཆེན་ཤར་གྲབས་ཡོད་པའི་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་མདུན་སྐྱོད་གྲོང་སྡེ་དང་པོར་ཕེབས་ནས་དབུལ་ཕོངས་ཏང་ཡོན་དང་ཏང་ཡོན་རྒན་པར་འཚམས་འདྲི་ཞུས་ནས་ཁོང་རྣམ་པས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བྱས་རྗེས་འབུལ་བར་ཐུགས་རྗེ་ཆེ་ཞུ་བར་མ་ཟད་། ད་དུང་ཏང་རྩ་འཛུགས་ཀྱིས་ཐུགས་ཁུར་གནང་བ་དང་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་རེད།

      ས་གནས་རེ་རེར་སླེབས་དུས་ལིའུ་ཁྲེང་མིང་གིས་དབུལ་ཕོངས་ཏང་ཡོན་གྱི་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་པས་མ་ཚད། འབྲས་དང་ཟ་སྣུམ་། ཇ་སོགས་འཚམས་འདྲིའི་དངོས་ཟོག་སྦྱིན་པ་རེད།  ཁོང་དབུལ་ཕོངས་ཏང་ཡོན་ལིན་ཡུན་ཁང་ཚང་གི་ཁྱིམ་དུ་ཕེབས་ནས་ལིན་ཡུན་ཁང་གི་རིགས་སྣ་ཚོགས་ཀྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཚུལ་ལ་ཆ་རྒྱུས་ཟབ་མོ་ལོན་རྗེས།  ཁོང་ལ་དཀའ་ངལ་ལ་ཧུར་ཐག་གིས་ཁ་གཏད་འཇལ་ནས་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་དང་རོགས་སྐྱོར་གནང་འོག་དཀའ་ངལ་ལས་སྒྲོལ་ཐུབ་པ་བྱ་དགོས་པའི་སྐུལ་མ་གཏོང་བ་རེད།

      ལིའུ་ཁྲེང་མིང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཏང་ཡོན་ཚོ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་རུ་གསོ་སྐྱོང་བྱེད་པ་དང་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དེ་ཏང་ཡོན་ལ་འཕེལ་རྒྱས་གཏང་དགོས། དབུལ་ཕོངས་ཏང་ཡོན་དང་ཏང་ཡོན་རྒན་གྲས་ཀྱིས་བདེ་ཐང་གནས་ཚུལ་དང་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་སེམས་ཁུར་ཟབ་མོ་བྱས་ནས་ཁོ་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོ་ཚོར་ཏང་རྩ་འཛུགས་ཀྱི་སེམས་ཁུར་དང་གནང་བའི་བྱམས་སྐྱོང་ཉམས་སུ་མྱོང་དུ་བཅུག་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དབུལ་སྐྱོར་གནད་སྨིན་གྱི་སྐྱེ་ཁམས་མ་ལག་འཛུགས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བརྒྱད་པའི་ཐེངས་དྲུག་པ་དང་བདུན་པའི་ལས་འཛིན་རྒྱས་འཛོམས་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།