བོད་ཀྱི་ལབ་ཙེ།

སྒ་བུས་བྲིས།    གཉན་པོ་གཡུ་རྩེ།    2011-05-31

བོད་ཀྱི་ལབ་ཙེ།
ལབ་ཙེ་ནིབོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ཞིག་སྟེ།གཞི་བདག་གི་ཁྱིམ་གཞི་ལྟ་བུ་ཡིན་ལ།ལབ་ཙེ་རྩིག་སྲོལ་ལ་ཅུང་མི་འདྲ་བ་ཡོད་མོད་དེ་ནི་ཡུལ་བྱེ་བྲག་གི་སྲོལ་ཡིན།རྩིག་པའི་གནས་ལ་དབྱེ་བ་གསུམ་འདུག་ལ།འདི་ལ་རྒྱུན་མཚན་ཡང་བཤད་དུ་ཡོད་དེ།མི་རྒྱུད་ལ་དཔའ་བོ་དང་བཙན་པོ་སྐྱེ་དགོས་ན་རི་རྩེར་བརྩིགས།སྲི་གཅོད་པའི་ཆེད་དུ་ཉག་ཁར་བརྩིགས།ཕྱུག་པོར་འགྱུར་བའི་ཆེད་དུ་རི་ཤོད་དུ་བརྩིགས།བོད་ཀྱི་མཁས་པ་ལ་ལས།གནའ་སྔ་མོར་དཔའ་བོ་གཡུལ་དུ་བསད་པའི་སར་རྗེས་དྲན་གྱི་ཚུལ་དུ་ས་རྡོ་སྤུངས་ནས་དེའི་སྟེང་དུ་མཚོན་ཆ་བཙུགས་ནས་འཇོག་པ་ཆོས་ལུགས་སུ་འདྲེས་པར་བཤད་པ་དང༌།ཡང་ལ་ལས་ཀོང་ཙེ་འཕྲུལ་གྱི་རྒྱལ་བོས་ཉིན་གཅིག་ལ་ལབ་ཙེ་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་པས་དེ་ནས་བཟུང་ལབ་ཙེ་དར་བར་བཤད།ཀྱེ་ཏུ།དཔའ་མཁར།ལབ་ཙེ་འམ་ལབ་རྩེ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན།ལབ་ཙེ་རྩིག་པའམ་བསྟོད་པ་ཞིབ་མོར་ཤེས་འདོད་ན།ལབ་ཙེའི་ཆོ་གར་གཟིགས་པར་ཞུ།

 

  • ལེ་ཚན་སྔོན་མ།: བོད་ཀྱི་དར་ལྕོག
  • ལེ་ཚན་རྗེས་མ།: བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར་བསྐྱར་དུ་གླེང་བ།