ཆུ་ལོག་དྲག་པོའི་གྲོག་རོང་དུ། ཏང་གི་དར་དམར་ལྷབ་ལྷུབ་གཡོ།

ལྷ་འཛོམས་ཀྱིས་བསྡུས་བསྒྱུར་བྱས།        2017-06-26

ཟླ་བ6པའི་ཚེས15ཉིན་རོང་བྲག་རྫོང་དུ་སྦྲེལ་མཐུད་ཉིན་ཁ་ཤས་རིང་ལ་དྲག་ཆར་བབས་པའི་རྐྱེན་གྱིས་རོང་བྲག་རྫོང་ཁོངས་ནང་གི་ཆུ་བོ་ཆེན་པོ་འབྲུབ་སྟེ་འགག་ཟུར་ནས་རོང་བྲག་བར་གྱི་གཞུང་ལམ་དང་ཆུ་ཆེན་རྫོང་ཁོངས་ནས་རོང་བྲག་བར། བཙན་ལྷ་ནས་རོང་བྲག་བར་གྱི་གཞུང་ལམ་གྱི་ལམ་གཞི་གཏོར་བ་དང་།  རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ15དང་དུད་ཚང་6000ལྷག་ཙམ་དང་མི30000ལྷག་ཙམ་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས། རྫོང་གྲོང་ཁུལ་གྱི་ཆུ་རགས་དང་སྣུམ་མཛོད་ཀྱི་སྐྱོར་རྩིག ཆུ་བཙོག་དྭངས་སེལ་བཟོ་གྲྭ།  རྒྱ་རོང་ཟམ་ཆེན་སོགས་ལ་ཉེན་ཁ་ཆེན་པོ་ཡོད་པར་མ་ཟད། ཤང་དང་གྲོང་རྡལ་ཆ་ཤས་ཀྱི་ཆ་འཕྲིན་ཆད་པ་རེད། འོན་ཀྱང་མི་ཤི་རྨས་བྱུང་མེད།

གནོད་སྐྱོན་བྱུང་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཉེན་སྐྱོབ་གནོད་སེལ་ལས་ཀར་བླང་བྱ་གསལ་པོར་བཏོན་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཝང་མིང་ཧུའེ་ཡིས་རོང་བྲག་རྫོང་གི་འབྲུབ་འགོག་གནོད་སེལ་ལས་ཀའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་རོང་བྲག་རྫོང་གིས་སྔོན་གྱི་གནོད་སྐྱོབ་ལས་ཀ་སྒྲིག་འཛུགས་ནུས་ལྡན་ཡིན་ཞིང་། ཕྱིན་ཆད་ཀྱི་ལས་ཀར་འབྲུབ་འགོག་མྱུར་སྐྱོབ་བབ་སྟུན་འཕྲལ་སྒྲུབ་ཇུས་གཞི་ལྟར་ཚན་རིག་དང་མཐུན་པའི་བཀོད་འདོམས་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལས་ཀ་དེ་ཨང་དང་པོར་བརྩིས་ཏེ་གོ་རིམ་ཡོད་པའི་སྒོ་ནས་གནོད་ཐེབས་མང་ཚོགས་གཞན་སར་སྤོས་ཏེ་ཁོ་ཚོའི་འཚོ་བའི་ཐད་བཀོད་སྒྲིག་ཡག་པོ་བྱ་དགོས་པའི་ཐུགས་རེ་གནང་།

ཆུ་འབྲུབ་པའི་གནས་ཚུལ་ཚབས་ཆེན་ལ་དམིགས་ནས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་མཆན་བཀོད་མཛུབ་སྟོན་གནང་དོན། རོང་བྲག་རྫོང་གིས་མི་དམངས་མང་ཚོགས་ཚེ་སྲོག་ཀྱི་ཉེན་མེད་ཡོང་བ་དེ་ལས་ཀ་གལ་ཆེན་ཨང་དང་པོར་བརྩིས་ནས་གནོད་སྐྱོན་ཐེབས་ཡུལ་གྱི་མང་ཚོགས་གཞན་སར་བདེ་མོར་སྤོ་བ་དང་། གོ་རིམ་ཡོད་པའི་སྒོ་ནས་ཐོན་སྐྱེད་དང་འཚོ་བ་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་བདེ་སྐྱོང་སྒྲིག་ལམ་བཟང་པོ་རྒྱུན་འཁྱོངས་བྱས་པས་མ་ཚད་ཧུར་ཐག་གིས་གླེང་ཕྱོགས་ཁྲིད་སྟོན་བྱ་དགོས། དུས་མཚུངས་སུ་ཆུ་ལོག་གནོད་སྐྱོན་ཐེབས་རྗེས་ཀྱི་གཙང་སྦྲ་འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་ལས་ཀར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་ཁྱད་པར་དུ་ས་གཤིས་གནོད་སྐྱོན་ཚབས་ཆེན་ཐེབས་ཡུལ་གྱི་མངོན་མེད་རྐྱེན་ངན་རིམ་བཤེར་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས།

གནོད་སྐྱོན་ཐེབས་རྗེས་མེན་ཧྲན་གྲོང་ཁྱེར་དུ་གཞུང་དོན་དུ་ཕྱིན་པའི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ལམ་སང་ཁ་པར་བཏང་ནས་ཁུལ་དཔོན་གཞོན་པ་ཀྲེན་ཐན་ཆང་རོང་བྲག་རྫོང་དུ་གནོད་འགོག་མྱུར་སྐྱོབ་ལས་ཀར་ཁྲིད་སྟོན་མངགས་པར་མ་ཟད།  ད་དུང་རོང་བྲག་རྫོང་ཏང་ཨུ་དང་སྲིད་གཞུང་ལ་དྲུང་ཡིག་ཆེ་མོ་བ་ཝང་མིང་ཧུའེ་དང་ལིའུ་ཁྲེང་མིང་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་ལྟར་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

གནོད་སྐྱོན་ཐེབས་རྗེས་རོང་བྲག་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ལམ་སང་ཚོགས་འདུ་འཚོགས་ཏེ་རོང་བྲག་རྫོང་གི་ཆུ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་བཙུགས་པ་དང་ཉིན་མཚན་ཆུ་ཚོད24ལ་ཡུལ་དེར་འབྲུབ་འགོག་ཉེན་སེལ་གནོད་སྐྱོབ་ལས་ཀ་བྱས་པ་རེད། ཕྱིར་གཞུང་དོན་དུ་འགྲོ་བའི་རྫོང་དཔོན་ཝང་ཅུན་ལམ་སང་ཕྱིར་ལོག་ཡོང་སྟེ་ཆུ་ལོག་གནོད་སྐྱོན་ཐེབས་ཡུལ་དང་པོར་ཕྱིན་ནས་གནོད་འགོག་ཉེན་སེལ་ལས་ཀ་གཉེར་བ་རེད། ཤང་དང་གྲོང་རྡལ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཚོ་ཁག་བགོས་ཏེ་ཆུ་ལོག་གནོད་སྐྱོན་ཐེབས་ཡུལ་དུ་ཕྱིན་ནས་ནུས་ཤུགས་ཡོད་རྒུས་གནོད་འགོག་ཉེན་སེལ་དང་འཚམས་འདྲི། སེམས་གསོ་སོགས་ཀྱི་ལས་ཀ་གཉེར་བ་རེད། མིག་སྔར་ཆུ་འགོག་གནོད་སེལ་ལས་ཀ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཆུ་ལོག་སྔོན་འགོག་གི་ལས་ཀ་ལྷོད་མེད་བསྒྲུབས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་བདེ་ཐང་དབུལ་སྐྱོར་དངོས་འཛིན་བྱས།
  • དོ་སྣང་ཆེ་བའི་རྩོམ།