ལི་ཐང་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཆུ་ལོག་སྔོན་འགོག་གི་ལས་ཀ་ལྷོད་མེད་བསྒྲུབས།

དབྱངས་ཅན་གྱིས་བསྒྱུར།        2017-06-26

ཆུ་འབྲུབ་པའི་དུས་རིམ་སླེབས་པ་ནས་བཟུང་ལི་ཐང་རྫོང་དུ་གནམ་གཤིས་ཧ་ཅང་ཞན་པའི་གནས་ཚུལ་ལ་དམིགས་ནས། རྫོང་དེས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཉེན་མེད་ངང་ཆུ་འབྲུབ་པའི་དུས་རིམ་བརྒལ་ཐུབ་པར་ཁག་ཐེག་བྱས་པ་རེད།

ནུས་ཤུགས་གང་ཡོད་ཀྱིས་ཆུ་ལོག་གི་གནོད་སྐྱོན་སྔོན་འགོག་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས། མིག་སྔའི་བར་དུ་ལི་ཐང་རྫོང་དུ་ཆུ་ལོག་སྔོན་འགོག་གི་གནས་ཚུལ་སྤྱི་ཁོག་ཐོག་ནས་བརྟན་པོ་ཡིན་རུང་ས་ཁུལ་ཁ་ཤས་ལ་དྲག་ཆར་འབབ་ནས་ཆུ་ལོག་གི་གནོད་སྐྱོན་འགོག་སྲུང་བྱེད་པའི་གནས་ཚུལ་ཡག་པོ་མིན་པར་བརྟེན།རྫོང་དེས་ཤང་དང་གྲོང་རྡལ་སོ་སོར་འགན་འཁྲི་ཁུར་བའི་སྙིང་སྟོབས་ཆེ་སྐྱེད་དང་། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་ཆུ་ལོག་གི་གནོད་སྐྱོན་སྔོན་འགོག་བྱེད་པའི་ལས་ཀ་དེ་བས་ཡག་པོ་བསྒྲུབས་ཏེ་མི་སྣ་ཤི་རྨས་མི་ཡོང་བར་ཁག་ཐེག་བྱ་དགོས་པའི་རེ་བ་བཏོན་པ་རེད།

སྔར་ལས་ལྷག་པར་ཆུ་ལོག་གི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་གནས་ཚུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་། ལི་ཐང་རྫོང་གི་ཆུ་ལོག་གི་གནོད་སྐྱོན་བྱུང་ཁྱོན་ཆེ་བ་དང་ཉེན་ཁ་ཡང་ཆེ་བར་མ་ཟད་འགོག་སྲུང་བྱེད་དཀའ་བར་བརྟེན། དུས་ཐོག་ཏུ་ཉེན་ཁ་ཆེ་བའི་ས་ཁུལ་གྱི་གནས་ཚུལ་རྟོགས་ཐུབ་པ་བྱ་རྒྱུ་ནི་ཆུ་ལོག་གི་གནོད་སྐྱོན་སྔོན་འགོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་རེད། རྫོང་ཆུ་ལོག་དང་ཐན་པ་སྔོན་འགོག་ལས་སྒྲུབ་ཁང་དང་། གནོད་འགོག་གནོད་སེལ་ཅུས། རྒྱལ་ས་ཐོན་ཁུངས་ཅུས་བཅས་ཀྱིས་ཤང་དང་གྲོང་རྡལ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔོན་འགྲོའི་ཞིབ་བཤེར་བསྡོམས་རྩིས་བྱས་པའི་རྨང་གཞིའི་ཐོག   ཆུ་ལོག་བྱུང་ཉེན་ཆེ་བའི་ས་ཁུལ་གྱི་གནས་ཚུལ་ལ་ཡང་དུ་ཞིབ་བཤེར་བྱས་པ་རེད། འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལས་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ། ཆུ་ལོག་སྔོན་འགོག་གི་སྲིད་འཛིན་འགོ་དཔོན་གྱིས་འགན་ཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཆུ་ཚོད24ལ་སྦྲེལ་མཐུད་དུ་ལས་རེས་བྱེད་པ་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལས་རེས་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། འབྲེལ་འདྲིས་ཐོགས་འགག་མེད་པར་སྲུང་འཛིན་བྱས་ནས་གློ་བུར་དུ་བྱུང་བའི་ཉེན་སྐྱོན་གྱི་གནས་ཚུལ་ལ་དུས་ཐོག་ཏུ་བྱེད་ཐབས་སྤྱད་པར་མ་ཟད་གཏན་འབེབས་ལྟར་མྱུར་དུ་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་བ་རེད། དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་གཡོལ་ཤེས་བྱ་ཁྱབ་གདལ་གཏོང་གང་ཐུབ་བྱས།   མང་ཚོགས་ཀྱི་གློ་བུར་དུ་བྱུང་བའི་ཉེན་ཁར་ཁ་གཏད་འཇལ་བའི་ཉེན་གཡོལ་འདུ་ཤེས་དང་ནུས་པ་ཇེ་དྲག་ཏུ་གཏོང་ཆེད། གྲོང་སྡེ་དང་དུད་ཚང་དུ་ཕྱིན་པ་དང་མང་ཚོགས་ཀྱི་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཆུ་ལོག་སྔོན་འགོག་དང་ཉེན་ཁ་ཉུང་དུ་གཏོང་བའི་ཤེས་བྱ་དྲིལ་བསྒྲགས་བྱེད་གང་ཐུབ་བྱས་པར་མ་ཟད། མང་ཚོགས་ལ་མངོན་མེད་གནོད་སྐྱོན་བྱུང་ཡུལ་དང་།གཟབ་ནན་བྱ་དགོས་པའི་དོན་ཚན། སྔོན་ཚུད་ཀྱི་ཉེན་བརྡ་དང་བདེ་འགོད་ཀྱི་འཆར་གཞི་སོགས་འབྲེལ་ཡོད་དོན་ཚན་གསལ་བཤད་བྱས་ནས། མང་ཚོགས་ཀྱི་གནོད་སྐྱོན་སྔོན་འགོག་དང་ཉེན་ཁ་གཡོལ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།།


  • ལེ་ཚན་སྔོན་མ།:སེམས་ཤུགས་གཅིག་སྒྲིམ་བྱས་ནས་ཆུ་ལོག་འགོག དམངས་ཀྱི་ཚེ་སྲོག་ཉེན་མེད་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:ཆུ་ལོག་དྲག་པོའི་གྲོག་རོང་དུ། ཏང་གི་དར་དམར་ལྷབ་ལྷུབ་གཡོ།
  • དོ་སྣང་ཆེ་བའི་རྩོམ།