སྡེ་དགེ་རྫོང་དབོན་པོ་སྟོད་ཤང་བཀྲ་ཤིས་སྟོན་སྡེའི་གཡུ་འབན་ལུང་ཚོ་ཆུང་དུ་དབུལ་ཐར་གྱི་གྲོང་བགྲོད་གཞུང་ལམ་བསྐྲུན།

འཇམ་དབྱངས་དབང་མོ།        2017-06-23

སྡེ་དགེ་རྫོང་དབོན་པོ་སྟོད་ཤང་བཀྲ་ཤིས་སྟོན་སྡེའི་གཡུ་འབན་ལུང་ཚོ་ཆུང་དུ་དབུལ་ཐར་གྱི་གྲོང་བགྲོད་གཞུང་ལམ་བསྐྲུན།

 ལོ་མང་པོའི་རིང་ལ། སྡེ་དགེ་རྫོང་དབོན་པོ་སྟོད་ཤང་བཀྲ་ཤིས་སྟོན་སྡེ་ཡི་གཡུ་འབན་ལུང་ཚོ་ཆུང་ནི་རི་ཆེན་གྱི་ཁྲོད་དུ་གནས་ཡོད་ལ། མིག་སྔའི་བར་དུ་གྲོང་ཚོ་དེར་གཞུང་ལམ་བསྐྲུན་མ་ཐུབ་པའི་རྐྱེན་གྱིས་གྲོང་སྡེ་དེའི་དུད་ཚང10དང་མང་ཚོགས48ཀྱི་འགྲོ་འོང་ཐད་དཀའ་ངལ་ཆེ་བ་དང་། ཡུལ་དེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ནས་བཀག་བསྡོམས་ཚབས་ཆེན་ཐེབས་པ་རེད།

སྡེ་དགེ་རྫོང་དབོན་པོ་སྟོད་ཤང་བཀྲ་ཤིས་སྟོན་སྡེའི་གཡུ་འབན་ལུང་ཚོ་ཆུང་དུ་དབུལ་ཐར་གྱི་གྲོང་བགྲོད་གཞུང་ལམ་བསྐྲུན།

 གྲོང་སྡེ་འདིར་གཞུང་ལམ་བསྐྲུན་ཆེད། དབོན་པོ་སྟོད་ཤང་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་མང་ཚོགས་ལ་དྲིལ་བསྒྲགས་དང་མཐུན་སྦྱོར་ཐེངས་མང་པོ་བྱས་པ་བརྒྱུད་མི་སེར་རྣམས་ཀྱི་འདོད་བློར་བབས་པ་དང་། དབོན་པོ་སྟོད་ཤང་གིས་ཕྱོགས་གང་ཐད་ནས་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་ཁྲི25ལྷག་གྲབས་གསོག་བྱས་ཐུབ་ལ། བཀྲ་ཤིས་སྟོན་སྡེ་བའི་གཡུ་འབན་ལུང་ཚོ་ཆུང་ནས་ཛ་སྒང་ལུང་ཚོ་ཆུང་བར་གྱི་གཞུང་ལམ་འཛུགས་སྐྲུན་ལམ་ཚད་ལ་ཧ་ལམ་སྤྱི་ལེ13ཡོད་པ་དང་། ཞེང་ཚད་སྨི4.5ཅན་གྱི་གཞུང་ལམ་བསྐྲུན་རྒྱུར་ཐག་གཅོད་བྱས། མ་དངུལ་མ་འདང་བའི་རྐྱེན་གྱིས་ཤང་ཏང་ཨུ་དང་སྲིད་གཞུང་གིས་གྲོང་སྡེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་རྩ་འཛུགས་བྱས་ཏེ། སྔར་གཞུག་ཏུ་ལས་ཀར་ཞུགས་མི་ཁྱོན་བསྡོམས་ཐེངས་གྲངས600ལྷག་ཡོད་པ་དང་། མིག་སྔར། གཞུང་ལམ་གྱི་སྤྱིའི་རིང་ཚད་ཀྱི་བརྒྱ་ཆའི70ལས་གྲུབ་བྱུང་ལ། ཚོད་རྩིས་བྱ་ན་ཕལ་ཆེར་ད་ལོའི་སྤྱི་ཟླ9པར་ལེགས་འགྲུབ་འབྱུང་སྲིད།


  • ལེ་ཚན་སྔོན་མ།:པར་རིས་གསར་འགྱུར།
  • ལེ་ཚན་རྗེས་མ།:སེམས་ཤུགས་གཅིག་སྒྲིམ་བྱས་ནས་ཆུ་ལོག་འགོག དམངས་ཀྱི་ཚེ་སྲོག་ཉེན་མེད་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།