ཁ་བ་དང་ངའི་སེམས་པ།

        2020-05-19

ཁ་བ་དེ་ལྷིང་འཇགས་གེར།

སྟ་གོན་ཡང་མེད་པར་འཁྱག་སིབ་སིབ།

དགུན་ཟླ་སྐྱ་བོ་འདིའི་ངོ་གདོང་ལ་འཐིམ་ན།

ཁ་བ་དང་ངའི་བསམ་གཞིག

ད་དུང་ངའི་སེམས་པ་འདི་ཅི་འདྲའི་

ཉམ་ཆུང་ཨང་།

ཁ་བའི་འདབ་མ་རེ་རེ།

བརྟན་བརླིང་གི་ས་གཞི་འདིའི།

སེམས་གཏམ་ལ་གསན་དུས།

ཁོ་ཚོ་མིག་ཆུ་རྡོག་གཅིག་དང་འདྲ་བར།

གཞི་ནས་ཉམ་ཆུང་བར་འགྱུར་དུས།

སུ་ཞིག་གིས་ཁ་བའི་སྐྱིད་སྡུག་དང་།

ཁ་བའི་ཉམ་ཆུང་གི་སེམས་པ་རྟོགས།

ངའི་ལག་པ་བསྲིངས་ནས།

ཁ་བ་ལ་མི་སེམས་སྒུལ་བའི་གཏམ་

རྒྱུད་རེ་གླེང་དུས།

དངོས་གནས།

ཁ་བ་དེ་ངའི་ལག་པའི་སྟེང་ན།

མིག་ཆུ་རྡོག་གཅིག་ཏུ་གྱུར།

ཁ་བ་དང་ངའི་སེམས་པ།

ནམ་མཁའི་བྲང་གཞུང་ལ་མགོ་བོ་

བསྙེས་ནས།

སྤྲིན་དཀར་གྱི་ཚོམ་བུའི་ངུ་ཤུམ་རྒྱག་

པ་ལ།

ཞེ་སྣང་ཤོར་བ་སྟེ།

དགུན་གཞུང་འདིའི་ཁ་བ་ཁོ་ན་མིན་

པ་ཤེས་ངེས།

༼ ཨ་ནུ་དད་ཞེན། ༽


  • ལེ་ཚན་སྔོན་མ།:ངག་གཞུའི་མདའ་མོ་ཤོར་བའི་ཤུར་སྒྲ།
  • ལེ་ཚན་རྗེས་མ།:གསེར་གྱི་རྒྱ་སེ་མེ་ཏོག