སྙུན།

        2020-05-15

ན་ཚ་དེའི་དབང་གིས།

ཁྱོད་རང་ཉིན་གང་པོར་མྱ་ངན་

གྱིས་བཅིངས་ཤིང་།

མཚན་གང་པོར་ན་ཟུག་གི་ཐང་

དུ་འགྱེལ།

ཁྱོད་ཀྱི་སེམས་སུ།

མཚན་མོ་ནི་རྫོགས་མཐའ་མེད་པ་

ཞིག་རེད་ཨང་།

སྙིང་ཉེ་ལགས། ཁྱོད་ལ་ཉེར་འཚེ་

མེད་པའི་ཉི་མ་དེ་ནམ་འཆར་སྲིད།

ངས་ཁྱོད་ཀྱི་ཆེད་དུ།

ཞེ་འདོད་ཀྱིས་དེ་རིང་གི་ཉི་མ་ཕར་

ལ་བསྐྱལ་ནས།

སང་གི་ཞོགས་པ་བསུ་བའི་སྟ་གོན་

བྱས་ཡོད།

སང་གི་ཞོགས་པ་ཉེ་ཞོས་དབེན་

པའི་ཞོགས་པ་རུ་སྨོན་ལམ་བཏབ་ཡོད།

སྙིང་ཉེ་ལགས།

གལ་ཏེ་ང་རང་སྣོད་བཅུད་ཀྱི་བྱེད་

པོ་ཞིག་ཡིན་ན།

གལ་ཏེ་མཚན་མོ་འདི་ང་ལ་དབང་

བ་ཞིག་ཡིན་ན།

ངས་ཁྱོད་ལ་མཛེས་སྡུག་ལྡན་

པའི་དཔྱིད་ཀ་སྦྱིན་ངེས།

ངས་ཁྱོད་ཁོ་ནར་སྣང་བ་བསྩལ་ངེས་ལ།

ཁྱོད་ཀྱང་མཚན་མོ་འདིར་སུན་

དགོས་དོན་མེད།

ཁྱོད་རང་ཉིན་མོ་འདིར་ཐང་

ཆད་དགོས་དོན་མེད།

༼ དུ་སྤྲིན། ༽


  • ལེ་ཚན་སྔོན་མ།:ཀ་ཕྲེང་རླབས་ཀྱི་ཟེགས་མ།
  • ལེ་ཚན་རྗེས་མ།:ཟླ་གཡང་ལ་བྲིས་པའི་སྙིང་གཏམ།