ཁྱོད་མཚོན་པའི་སྙན་ངག

        2020-05-15

ཤིན་ཏུ་དྲན་པར་སྙི་བའི་མཁར་རྫོང་ནས།

དུས་གསུམ་གྱི་འཆར་ཡན་ཁྱོད་ལ་ཕྱོགས་འགྲོ།

མིག་ཟུང་གིས་རྒྱང་རིང་དུ་ཅེར་ནས།

དབྱར་གསུམ་གྱི་ལང་ཚོ་ཁྱོད་ལ་དབང་།

ཚེ་ཡི་ལ་ཐོད་ཀྱི་རི་མོ་བྲིས་པའི་

རྨི་ལམ་གྱི་བདག་མོ་ཁྱོད་རང་ཡིན།

ལྷད་མེད་སེམས་གཞིས་ཀྱི་བྲང་གཞུང་

འཐིམས་པའི་དབྱངས།

ཁྱོད་ནི་ངའི་དྭངས་གཙང་གི་གཟེབ་ཏུ་

སྦས་པའི་རྣམ་ཤེས་ཀྱི་དར་ཐག་ཡིན།

༼ ཇེང་། ༽


  • ལེ་ཚན་སྔོན་མ།:དུས་ཚོད་ཀྱིས་རྨས་ པའི་གསང་བ།
  • ལེ་ཚན་རྗེས་མ།:ཞོ་འཕོང་བུ་མོ།