དུས་ཚོད་ཀྱིས་རྨས་ པའི་གསང་བ།

        2020-05-15

མཐོང་ཟིན་པ་དག་གི་རྐང་རྗེས།

བླངས་མ་ཐག་པའི་འདྲ་པར་དེའི་

གསང་བ་རུ་གྱུར།

དུས་ཚོད་སྐར་མ་ཁ་ཤས་ཀྱི་ནང་དུ།

བརྗོད་ཟིན་པའི་གཏམ་གྱི་གྲིབ་གཟུགས་ནང་དུ་

འཚོ་བར་ཞེན་པ་ལོག

སང་ཉིན་གྱི་གནས་གང་ཞིག་ནས་ལྡང་

བའི་རླུང་འཚུབ་ཀྱིས།

འཁྲིས་ཀྱི་དངོས་པོ་དག་གཡོས་པ་མཐོང་།

ཁྱེད་ཀྱིས་ག་རེ་མཐོང་བྱུང་།

༼ ཐོ་ཡོར། ༽


  • ལེ་ཚན་སྔོན་མ།:ཀ་ཕྲེང་ཀུན་སྐྱོབ་མ།
  • ལེ་ཚན་རྗེས་མ།:ཁྱོད་མཚོན་པའི་སྙན་ངག