སི་ཁྲོན་གྱི་ཚོགས་འདུ་གཉིས་ཚོགས་མགོ་ཚུགས།

        2020-05-08

    2020ལོའི་ཟླ5པའི་ཚེས8ཉིན། སི་ཁྲོན་གྱི་ཚོགས་ཆེན་གཉིས་དངོས་སུ་ཚོགས་མགོ་ཚུགས།

    སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་དེ་སྤྱི་ཟླ5པའི་ཚེས8ཉིན་ནས་ཚེས11ཉིན་བར་ཁྲེན་ཏུའུ་རུ་ཚོགས་བཞིན་ཡོད་ལ། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་སྤྱི་ཟླ5པའི་ཚེས9ཉིན་ནས་ཚེས12ཉིན་བར་ཁྲེན་ཏུའུ་རུ་འཚོག་རྒྱུ་རེད།  

    དེ་རིང་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག ། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་ཁྲེན་ཏུའུ་རུ་ཚོགས་མགོ་ཚུགས་ཡོད། ཚོགས་འདུའི་ཁྲོད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་ནི་སྤྱི་ཚོགས་ལས་རིགས་ཁག་གི་བསམ་ཚུལ་དང་རེ་སྒུག་གིས་ཁེངས་ཏེ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་ཇུས་འདོན་སྲིད་སྐྱོང་བྱས་ནས་སི་ཁྲོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་ལེན་ཆེད་ཐབས་འདོན་ཇུས་འདོན་བྱ་རྒྱུ་རེད།


སི་ཁྲོན་གྱི་ཚོགས་འདུ་གཉིས་ཚོགས་མགོ་ཚུགས།

 

  • ལེ་ཚན་སྔོན་མ།:ཇོ་མོ་གླང་མའི་དབུ་རྩེར5Gབརྡ་རྟགས་ཐོག་མར་ཁྱབ་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་གོ་འཇོ་རྫོང་གིས་དབུལ་སྐྱོར་ཐོན་ལས་སྟོབས་ཆེར་བཏང་བའི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།