དཀར་མེ་བཟོ་ལས་གླིང་ཁུལ་གྱི་ཐུང་ཝུའེ་ཉི་ནུས་ལས་གཞིའི་དུས་རིམ་དང་པོའི་ནུས་ཆེའི་ཤེལ་སིལ་གློག་རྫས་ལས་གཞི་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་དུས་རིམ་གཉིས་པའི་ལས་གཞི་ལས་མགོ་ཚུགས།

ལྷ་འཛོམས་ཀྱིས་བསྒྱུར།        2020-04-26

  

དཀར་མེ་བཟོ་ལས་གླིང་ཁུལ་གྱི་ཐུང་ཝུའེ་ཉི་ནུས་ལས་གཞིའི་དུས་རིམ་དང་པོའི་ནུས་ཆེའི་ཤེལ་སིལ་གློག་རྫས་ལས་གཞི་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་དུས་རིམ་གཉིས་པའི་ལས་གཞི་ལས་མགོ

  སྤྱི་ཟླ4པའི་ཚེས21ཉིན་ལ་ཐུང་ཝུའེ་ཉི་ནུས་མེ་ཧྲན་རྟེན་གཞིའི་དུས་རིམ་དང་པོའི་ནུས་ཆེའི་ཤེལ་སིལ་གློག་རྫས་ལས་གཞི་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་དུས་རིམ་གཉིས་པའི་ལས་གཞི་ལས་མགོ་ཚུགས་པའི་མཛད་སྒོ་དེ་དཀར་མེ་བཟོ་ལས་གླིང་ཁུལ་དུ་སྤེལ་བ་འདི་ནི་ཐུང་ཝུའེ་ཉི་ནུས་མེ་ཧྲན་རྟེན་གཞིའི་དུས་རིམ་དང་པོའི་ནུས་ཆེའི་ཤེལ་སིལ་གློག་རྫས་ལས་གཞི་དངོས་སུ་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་དུས་རིམ་གཉིས་པའི་ལས་གཞི་དངོས་སུ་ལས་མགོ་ཚུགས་པའི་མཚོན་ཚུལ་ཞིག་རེད། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ལི་ཡུན་ཙེ་མཛད་སྒོར་ཞུགས་ནས་ལས་མགོ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་མེ་ཧྲན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་མུའུ་ཞིན་ཧའེ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཐུང་ཝུའེ་ཚོགས་པའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ལིའུ་ཧན་ཡོན་བཅས་ཀྱིས་ཁག་བགོས་ནས་ཤིས་ཚིག་ཕུལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་པ་དང་མེ་ཧྲན་གྲོང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ལས་ཚབ་གྲོང་དཔོན་ཧུའུ་ཡོན་ཁུན་གྱིས་མཛད་སྒོ་གཙོ་འགན་བཞེས་པ་རེད།

    ཐུང་ཝུའེ་ཉི་ནུས་མེ་ཧྲན་ནུས་ཆེའི་ཤེལ་སིལ་གློག་རྫས་ལས་གཞི་ནི་མེ་ཧྲན་གྲོང་ཁྱེར་དཀར་མེ་བཟོ་ལས་གླིང་ཁུལ་དུ་གནས་པ་དང་། 2019ལོའི་སྤྱི་ཟླ3པའི་ཚེས27ཉིན་ནས་སྐྲུན་མགོ་ཚུགས་པ་དང་ལས་གཞི་དེ་ཐུང་ཝུའེ་མ་རྐང་གི་ལོ་མང་རིང་ཉི་ནུས་གློག་རྫས་ཁྱབ་ཁོངས་སུ་གྲུབ་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ཐོན་ནུས་གཞི་ཁྱོན། ཁྲོམ་རའི་ཐབས་ལམ་སོགས་ཀྱི་འགྲན་སློང་ནུས་པ་ཆེན་པོ་ལྡན་པའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་ལ། ནུས་ཆེའི་གློག་རྫས་དང་མི་མེད་རིག་ནུས་ཀྱི་བཟོ་སྐྲུན་བྱ་རྒྱུ་ཡིས་གཙོ་བོར་བྱས་ཏེ་རིག་ནུས་ཅན་གྱི་བཟོ་གྲྭ་དང་། གྲངས་གཞི་ཅན་གྱི་འཁོར་ཁང་། ཟོག་འགྲེམས་མཛོད་འཇུག་དང་དེ་བཞིན་དུ་འབྲེལ་ཡོད་སྒྲིག་ཆས་ཆ་ཚང་བའི་སྒྲིག་བཀོད་བཅས་བསྐྲུན་ནས་སའི་གོ་ལ་ཧྲིལ་པོར་རིག་ནུས་ཅན་གྱི་ཚད་གཞི་ཆེས་མཐོ་ཤོས་དང་། ཐོན་ཚད་བརྗེ་བསྒྱུར་ལས་ཕྱོད་ཆེས་མཐོ་ཤོས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ལྗང་མདོག་བཟོ་གྲྭ་རུ་འཛུགས་སྐྱོང་བྱས་པ་རེད། དུས་རིམ་གཉིས་པའི་ལས་གཞི་དུས་ཅིག་ཅར་དུ་ལས་མགོ་བཙུགས་པ་དེས་ནུས་ཆེའི་ཉི་ནུས་གློག་རྫས་ཀྱི་ཐོན་ནུས་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ་དང་གློག་རྫས་བརྗེ་སྒྱུར་གྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ། འོད་ཤུགས་གློག་གཏོང་གི་མ་རྩ་དམའ་རུ་གཏོང་བ། འོད་ཤུགས་ཀྱི་གོང་བདེ་དྲྭ་འབྲེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་འོད་ཤུགས་ལས་རིགས་ཡུན་རིང་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།། 

 


  • ལེ་ཚན་སྔོན་མ།:ད་ལོའི་དུས་ཚིགས་དང་པོར་རང་ཁུལ་གྱི་གཙོ་གནད་ལས་གཞིར་བཏང་བའི་མ་དངུལ་སྒོར་དུང་ཕྱུར29.37ལེགས་འགྲུབ་བྱུང་།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།