ཤར་རྒྱུ་ལ་ཕྲ་མོར་གངས་ཀྱིས་མནན།

        2020-04-24

ཤར་རྒྱུ་ལ་ཕྲ་མོར་གངས་ཀྱིས་མནན།

གསར་འགོད་པས་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་དོན། ཤར་རྒྱུ་ལ་ཕྲ་མོར་ཉིན་འགའ་ལ་ཁ་བ་བསྟུན་མར་བབས་པས་འགྲིམ་འགྲུལ་གྱི་རྒྱུ་ལམ་བཀག་སྡོམ་བྱེད་དགོས་བྱུང་པ་རེད། 

སྤྱི་ཟླ4ཚེས23ཉིན་གྱི་དགོང་མོའི་དུས་ཚོད9དང་སྐར་མ29ནས། དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལྕེ་ཐོག་ནས་མགོ་བཏགས་སྨད་པའི་མི་ཉག་ལྗོངས་ཁུལ་བར་དང་། ལྕམ་པ་སྨད་པའི་སུམ་མདོ་ཁ་བཅས་ནས་འགྲིམ་འགྲུལ་གྱི་འཁོར་རིགས་ཡོངས་རྫོགས་གནས་སྐབས་རིང་བཀག་སྡོམ་བྱས་ཤིང་། རྒྱུ་ལ་བརྒལ་བའི་རླངས་འཁོར་གཅིག་ཀྱང་འགྲོ་འོང་མི་ཆོག་པ་བྱས་ཡོད་པ་རེད། 

རྒྱུ་ལ་བརྒལ་དགོས་པའི་རླངས་འཁོར་ཁ་ལོ་བ་དག་གིས་སོ་སོའི་ས་ནས་ངལ་གསོའི་གྲ་སྒྲིག་དགོས་ཚུལ་དང་། དར་མདོ་ས་ཆའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཁོར་རིགས་གཏང་རྒྱུ་ཡིན་པའི་སྐོར་གྱི་བརྡ་བཏང་འདུག།

ཨོ་རྒྱན་ནས། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་དང་།། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་འཛིན།།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཧྭ་ནེང་གློག་འདོན་སི་ཁྲོན་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཐན་ཀེན་དང་བཞུགས་མོལ་གནང་།
  • དོ་སྣང་ཆེ་བའི་རྩོམ།