རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་བྱ་བར་རྟོག་ཞིབ་བྱས།

    བོད་ལྗོངས་འཕྲིན་དྲ།    2017-05-19

ཟླ་ལྔ་བའི་ཚེས་བཅུ་གཅིག་ནས་ཚེས་བཅུ་དྲུག་ཉིན་བར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཀའེ་ཧུའུ་ཡིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ལྟ་སྐུལ་ཚན་ཆུང་གི་སྣེ་ཁྲིད་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་བྱ་བའི་འབྲེལ་ཡོད་གནས་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང་། སྔ་གཞུག་ཏུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་སྡེ་དང་ཁེ་ལས། སློབ་གྲྭ་སོགས་སུ་སོང་ནས་མི་རིགས་མཐུན་སྒྲིལ་བྱ་བར་རྟོག་ཞིབ་བྱས་ཤིང་གཞི་རིམ་གྱི་མགོ་ཁྲིད་དང་མང་ཚོགས་རྣམས་དང་མཉམ་དུ་ཁ་བརྡ་བྱས།

རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འདི་འགའི་རིང་དུ་བླངས་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཡོད་པར་མ་ཟད། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་བྱ་བར་འཚོལ་སྙེག་བྱས་ནས། བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་གང་མང་བསྐྲུན་འདུག་ཅེས་བསྟན།

རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ནས། མཚོ་སྔོན་ཞིང་ཆེན་འདི་ཉིད་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཏུ་བསྒྱུར་བར་ནུས་ཤུགས་གང་ཡོད་འདོན་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཐའ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲུན་དང་ཝང་ཀྲིན་ཧྲིན་བཅས་ཀྱིས་ཁྲིན་ཀའེ་ཧུའུ་དང་མཉམ་དུ་རྟོག་ཞིབ་བྱས།


  • ལེ་ཚན་སྔོན་མ།:བོད་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྤེལ་ཐེངས་ཐོག་མ་དེ་ཕྱོགས་ཡོངས་ནས་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།