རང་ཁུལ་གྱིས་འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་སྐུལ་འདེད་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2020-04-13

    ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་བཀའ་མངགས་ལྟར་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས་གཙོ་འགན་བཞེས་ནས་འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ལས་དོན་གནས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་བ་དང་ཆབས་ཅིག འཕྲད་པའི་དཀའ་ངལ་དང་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པས་མ་ཚད། ཕྱིན་ཆད་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྐལ་བཟང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡན་ལེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་བཅས་ཚོགས་འདུར་ཞུགས་པ་རེད།

   ཚོགས་འདུའི་ཐོག་གསར་སྐྲུན་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟང་། འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་རྒྱབ་སྐྱོར་ཤུགས་ཆེན་གནང་འོག ཐོག་མཐའ་བར་གསུམ་དུA5རིམ་པའི་ཚད་གཞི་དང་གསར་སྐྲུན་གྱི་བླང་བྱར་དམ་པོར་གམིགས་ནས་རྨང་གཞིའི་འཛུགས་སྐྲུན་དང་ཞབས་ཕྱི། དོ་དམ། ཚོང་གཉེར་སོགས་ཀྱི་ཐད་ནས་ནུས་པ་ཅི་ལྕོགས་ཀྱིས་ཞན་ཆ་གསབ་སྣོན་བྱས་མཐར། ཕྱོགས་བསྡུས་སྤུས་ཀ་མངོན་གསལ་དུ་ལེགས་སུ་ཕྱིན་པར་མ་ཟད། 2019ལོའི་སྤྱི་ཟླ11པར་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་གྱི་ལྗོངས་ཁུལ་སྤུས་ཀ་ཆེད་རམས་པས་དཔྱད་བསྡུར་བྱས་ནས་གདེང་འཇོག་ཁས་ལེན་བྱས་ཏེ། རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་དངོས་སུ་ཚུད་རྒྱུའི་གྲ་སྒྲིག་མིང་ཐོའི་ནང་བཞག་པ་རེད། མིག་སྔར། ཏང་སྲིད་ཀྱིས་གཅིག་གྱུར་འཆར་འགོད་དང་སྡེ་ཚན་གྱིས་གཞོགས་འདེགས་བྱས་ཏེ་ཁྱོན་ཡོངས་ནསA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ལས་ཀར་སྐུལ་འདེད་གཏོང་བའི་རྣམ་པ་ཆགས་ཡོད། འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྤུས་ཀ་དང་མཛེས་ལྗོངས་སྤུས་ཀ། ཡུལ་སྐོར་བ་ཡི་རང་བ་བྱ་རྒྱུ་བཅས་རྒྱུན་མཐུད་དུ་ཇེ་དྲག་བཏང་ནས་ད་ལོར་ཞིང་ཆེན་རིམ་པས་ཞིབ་བཤེར་བྱས་ནས་བདེ་བླགས་ངང་ཁས་ལེན་ཐོབ་པ་དང་། རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱེད་པར་འགན་ལེན་ཏན་ཏིག་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་གསུང་གནང་དོན། འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་དོན་ཆེན་ཞིག་ཡིན་ཞིང་། ད་ལོ་ནི་གསར་སྐྲུན་ལས་དོན་ལ་རྒྱལ་ཁ་ཐོབ་རྒྱུའི་འགག་རྩའི་ལོ་ཡང་ཡིན་པས་དུས་ཚོད་ཐུང་ལ་ལས་འགན་ལྗིད་མོ་ཡིན་པར་བརྟེན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་འཕེལ་རིམ་ལ་དམ་འཛིན་དང་མཉམ་ལས་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས།

     ཚོགས་འདུའི་ཐོག་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་དང་ཁུལ་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས། དོན་ལས་སྡེ་ཚན་གྱིས་གསར་སྐྲུན་ལས་ཀར་དམིགས་ནས་ཁུལ་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ། ལས་འགན་ཁག་བགོས་ནས་དམ་པོ་དམིགས་ཏེ་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། དེའི་ཁོངས་སུ་གཏོགས་པའི﹙ལས་རིགས﹚རྩ་འཛུགས་མ་ལག་གིས་འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་མདའ་མདོ་ཡུལ་ཤོག་ཏུ་དཔྱིད་རྨོད་ལས་ཀའི་འགོ་བཙུགས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས2020ལོའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།