འུ་རྫོང་གི་དམའ་འབྲིང་འཛིན་གྲྭ་འདི་དག་འཚོག་ཐུབ་རྒྱུ་རེད།

        2020-04-08

     ཉེ་ཆར། རང་ཁུལ་གྱི་རིམ་པ་ཁག་གི་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་དགུ་བཏོན་ཏེ་འགྲོ་སོང་འགན་སྲུང་བྱས་པ་དང་། བདེ་འཇགས་བགྲོད་ལམ་བཏོད་པ་དང་མ་དངུལ་དོ་དམ་ལ་ཤུགས་སྣོན་བྱས་ནས། སློབ་གྲྭའི་རིམས་འགོག་དང་སློབ་ཁྲིད་སླར་གསོ་བྱ་རྒྱུར་རོགས་རམ་བྱས་ཡོད།

     མིག་སྔར། ཁུལ་ཡོངས་ཀྱིས་སློབ་གྲྭའི་ཏོག་གསར་གློ་རིམས་སྔོན་འགོག་ལ་ཁྱོན་མ་དངུལ་སྒོར་ཁྲི1292.19བཀོད་སྒྲིག་བྱས་པ་ལས་སྒོར་ཁྲི766.01འགྲོ་སོང་བཏང་ཡོད་པ་རེད།

     ཤེས་རྟོགས་བྱུང་དོན། སྤྱི་ཟླ4པའི་ཚེས9ཉིན་རྟའུ་རྫོང་གི་དམའ་འབྲིང་ལོ་རིམ་གསུམ་པ་སློབ་འགོ་དངོས་སུ་ཚུགས་རྒྱུ་ཡིན་པ་རེད། དེའི་ཐད་དུ་སློབ་གྲྭས་ཀྱང་སྔོན་འགྲོའི་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་ཡོད་དེ། སློབ་གྲྭའི་དགེ་རྒན་དང་ལས་བཟོ་བའི་བདེ་ཐང་ལག་ཁྱེར་སོགས་ལ་ཞིབ་བཤེར་ནན་པོ་བྱས་པར་མ་ཟད། སློབ་མའི་སྡོད་ཁང་དང་སློབ་སྦྱོང་གི་བཀོད་སྒྲིག་སོགས་ལ་ཞིབ་ཕྲའི་ངང་ནས་འཆར་འགོད་བྱས་པ་རེད།

     སློབ་གྲྭས་ད་དུང་དུག་སེལ་གཤེར་ཁུ84དང་ཏུའུ75ཅན་གྱི་ཆང་བཅུད་སོགས་རིམས་འགོག་དངོས་རྫས་ཁག་གཅིག་གིས་སློབ་ཁང་དང་ཆབ་ཁང་། ཟ་ཁང་། སྡོད་ཁང་སོགས་འདུ་འཛོམས་བྱ་ཡུལ་དུ་དུག་སེལ་བྱས་པས་མ་ཚད། རྟའུ་རྫོང་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣ་གདན་དྲངས་ནས་མཁོ་སྒྲུབ་ལས་བཟོ་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གསོ་སྦྱོང་བྱས་པ་རེད།

     སློབ་མ་སྐོར་གཅིག་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དུ་གནས་པ་དང་། ཆ་འཕྲིན་དུས་ཐོག་ཏུ་འབྱོར་མེད་པ་སོགས་ཀྱི་དབང་གིས་ཏོག་གསར་གློ་རིམས་ལ་ངོས་འཛིན་ཡང་དག་བྱུང་མེད་པས། སློབ་གྲྭས་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོར་སློབ་མ་དེ་དག་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་ཤེས་སུ་འཇུག་པར་བྱ་རྒྱུ་རེད།

     རེ་སྒུག་གི་ཀློང་ནས་སློབ་འགོ་ཚུགས་པའི་ཉིན་མོ་དེ་འདི་ལྟར་བསུས་ཤིང་། སློབ་ཁྲིད་དྲིལ་བརྡ་དེས་སློབ་མ་ཚོའི་སློབ་སྦྱོང་ལ་བརྩོན་པའི་སེམས་ཤུགས་ལ་ཡར་སྐུལ་གྱི་ནུས་པ་བླ་ལྷག་ཏུ་འབྱུང་སྲིད་ལ། དཔེ་ཀློག་གི་སྒྲ་དབྱངས་སྙན་མོ་སླར་ཡང་སློབ་རའི་མཁའ་དབྱིངས་སུ་ཁྱབ་ཅིང་སྐྱེས་སྟོབས་དང་གསོན་ཤུགས་ཀྱིས་བརྟས་པའི་སློབ་གྲྭའི་ལུས་རྩལ་ཐང་དེ་སླར་ཡང་ཚང་མའི་མིག་ལམ་དུ་འཆར་རྒྱུ་རེད།

ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་ཀ་གྲ་སྒྲིག་བྱེད།
  • ལེ་ཚན་རྗེས་མ།:བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གི་སློབ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།