རང་ཁུལ་གྱིས༢༠༡༧ལོའི་ཆུ་འབྲུབ་པའི་དུས་སྐབས་ཀྱི་ས་གཤིས་གནོད་སྐྱོན་ལ་འགོག་བཅོས་བྱེད་པའི་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས།

དབྱངས་ཅན་གྱིས་བསྒྱུར།        2017-05-09

ཟླ་བ4པའི་ཚེས28ཉིན། ཁུལ་ཡོངས་ཀྱི་ཆུ་འབྲུབ་པའི་དུས་སྐབས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དེ་དར་མདོར་འཚོགས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་པིའོ་གྲོས་ཚོགས་ནང་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

གྲོས་ཚོགས་ཐོག2016ལོའི་ས་གཤིས་གནོད་སྐྱོན་འགོག་བཅོས་ཀྱི་ལས་ཀར་ཕྱིར་མིག་བལྟས་པར་མ་ཟད། རང་ཁུལ་གྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀའི་དོན་དངོས་དང་འབྲེལ་ནས་ད་ལོའི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀར་བཀོད་སྒྲིག་བྱས་པ་དང་། གཙོ་གནད་དུ་ཚད་མཐོན་པོས་མཐོང་ཆེན་བྱ་རྒྱུ་དང་རྩ་འཛུགས་དང་འགོ་ཁྲིད་ཀྱི་ལས་ཀ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུ་དེས་ད་ལོའི་ཁུལ་ཡོངས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀར་སྐུལ་འདེད་གཏོང་བའི་སྐུལ་ཁྲིད་གཙོ་བོ་བྱ་རྒྱུ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རྒྱུན་ལྡན་ལས་ཀ་ཡག་པོ་འཛིན་རྒྱུ་དེ་ཁུལ་ཡོངས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀ་ཡག་པོ་འཛིན་པའི་རྨང་གཞི་བརྟན་པོ་བྱ་རྒྱུ།  མཉམ་འགུལ་གྱི་ནང་རྐྱེན་འཐུས་ཚང་དང་ཇེ་ཡག་ཏུ་གཏང་རྒྱུ་དེ་ད་ལོའི་ཁུལ་ཡོངས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀ་ཡག་པོ་འཛིན་པའི་ཐབས་ལམ་གལ་ཆེན་ཏུ་བརྩི་རྒྱུ།  ཚན་རིག་དང་མཐུན་ཞིང་ལས་ཆོད་མཐོ་བའི་སྒོས་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱ་རྒྱུ་དེ་ད་ལོའི་ཁུལ་ཡོངས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀའི་བྱེད་ཐབས་གལ་ཆེན་ཏུ་བརྩི་རྒྱུ། གཙོ་གནད་མངོན་གསལ་དང་དམིགས་མདུན་ལྟར་ཐབས་ཇུས་འདོན་པ་དེ་ད་ལོའི་ཁུལ་ཡོངས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀའི་གནད་འགག་ཏུ་བརྩི་རྒྱུ། ལྟ་སྐུལ་ཞིབ་བཤེར་དང་ཤུགས་ཆེན་པོས་དག་བཅོས་དང་དོན་འཁྱོལ་བྱ་རྒྱུའི་ལས་ཀ་དེ་ཁུལ་ཡོངས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀ་ཡག་པོ་འཛིན་པའི་བྱེད་ཐབས་གཙོ་ཆེན་ཏུ་འཛིན་རྒྱུ་བཅས་ཀྱི་ལས་ཀ་དྲུག་གི་སྐོར་ལ་ནན་པོར་བསྟན་པ་རེད།

ཧོ་པིའོ་ཡིས་ཐུགས་རེ་གནང་དོན། རྫོང(གྲོང་ཁྱེར)སོ་སོས་ཀྲུང་དབྱང་གི་གནོད་འགོག་གནོད་སེལ་གྱི“རྒྱུན་འཁྱོངས་གཉིས་དང་འགྱུར་ལྡོག་གསུམ”གྱི་བླང་བྱ་གསར་པར་རྒྱུས་ལོན་ཟབ་མོ་བྱེད་ཅིང་། སྔོན་འགོག་བྱ་རྒྱུ་གཙོ་བོར་བྱས་ཤིང་གནོད་འགོག་དང་གནོད་སེལ་བྱ་རྒྱུ་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱ་རྒྱུ་དང་། རྒྱུན་ལྡན་རང་བཞིན་གྱི་གནོད་སེལ་དང་དམིགས་བསལ་གནོད་སེལ་བྱ་རྒྱུ་གཅིག་གྱུར་བྱ་རྒྱུར་རྒྱུན་འཁྱོངས་བྱེད་པ།  ད་ལོའི་ས་གཤིས་གནོད་སྐྱོན་གྱི་འགྲོ་ཕྱོགས་ལ་ངོས་འཛིན་གསལ་པོ་བྱ་དགོས་པ་དང་། བསམ་བློའི་ངོས་འཛིན་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། མངོན་མེད་རྐྱེན་ངན་གཙང་སེལ་དང་ལེགས་བཅོས་བྱ་རྒྱུ་དོན་འཁྱོལ་བྱེད་པ། ཨར་ལས་བཅོས་སྐྱོང་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏང་རྒྱུ་དོན་འཁྱོལ་བྱེད་པ། ཉེན་གཡོལ་དང་བབ་བསྟུན་གྱི་གྲ་སྒྲིག་ལས་ཀ་དོན་འཁྱོལ་བྱེད་པ། ཉེན་ཁ་མྱུར་སེལ་དང་བཀོད་འདོམས་ཀྱི་མ་ལག་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ། ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་གྱི་ལས་ཀ་དོན་འཁྱོལ་བྱ་རྒྱུ་བཅས་བྱས་ནས། རང་ཁུལ་གྱི་ད་ལོའི་ཆུ་འབྲུབ་པའི་དུས་སྐབས་ཀྱི་ས་གཤིས་གནོད་སྐྱོན་འགོག་བཅོས་བྱེད་པའི་ལས་ཀ་ཡག་པོ་བསྒྲུབ་དགོས།། 


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་བཞི་པའི་ཚེས་བརྒྱད་ལ་དངོས་མང་ཉོ་ཚོང་འདུ་ཚོགས་སྤེལ།
  • ལེ་ཚན་རྗེས་མ།:སེ་ནེ་ཀལ་གྱི་ཙུང་ཐུང་ས་ལི་ཡིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ལ་ཐུག་འཕྲད་བྱས།
  • དོ་སྣང་ཆེ་བའི་རྩོམ།