སྤྱི་ཟླ4པའི་ཚེས4ཉིན་རྒྱལ་ཡོངས་ཀྱིས་མྱ་ངན་ཞུ།

        2020-04-03

རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏོག་གསར་གློ་རིམས་འགོག་བཅོས་བྱེད་པའི་འཐབ་རྩོད་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་མྱ་ངན་ཟབ་མོ་ཞུ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་རིང་སྤྱི་བསྒྲགས་སྤེལ་བ་སྟེ། 2020ལོའི་ཟླ་བ4པའི་ཚེས4ཉིན་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་བྱེད་སྒོ་སྤེལ་རྒྱུར་གཏན་འབེབས་བྱས་པ་རེད། 

   དེའི་རིང་རྒྱལ་ཡོངས་དང་ཕྱིར་སྡོད་གཞུང་ཚབ་དོན་གཅོད་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་རྒྱུ་དང་།རྒྱལ་ཡོངས་སུ་སྤྱི་པའི་རོལ་རྩེད་བྱེད་སྒོ་མཚམས་འཇོག་བྱ་རྒྱུ། སྤྱི་ཟླ4པའི་ཚེས4ཉིན་གྱི་ཆུ་ཚོད10པའི་ཐོག་རྒྱལ་ཡོངས་མི་དམངས་ཀྱིས་དུས་ཚོད་སྐར་མ3གྱི་རིང་ལ་ངག་བསྡམས་མྱ་ངན་ཞུ་རྒྱུ་དང་། རླངས་འཁོར་དང་མེ་འཁོར། གྲུ་གཟིངས་སོགས་ཀྱིས་དུང་བརྡ་དང་མཁའ་ཟོན་ཉེན་བརྡ་གཏང་སྟེ་མྱ་ངན་ཞུ་རྒྱུ་རེད།།


སྤྱི་ཟླ4པའི་ཚེས4ཉིན་རྒྱལ་ཡོངས་ཀྱིས་མྱ་ངན་ཞུ།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་ལ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཀྲུང་གོའི་ཁྱེར་འཕྲིན་གྱི་སི་ཁྲོན་སྤྱི་གཉེར་ཁང་དང་མཉམ་ལས་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།