དཔྱིད་འགོའི་དྲན་པ།

ལོ་ཤུལ་བཀྲ་ནོར།        2020-03-30

དཔྱིད་ཀྱི་འགོ་བརྗོད་འཇོག་དུས།

ནད་ཡམས་ཀྱི་ཤན་པའི་དགུན་གཞུང་རིང་མོ་

དེ་དྲན་ཡོང་།

མཚན་མོའི་མུན་པ་བཞིན་དྲན་ཡོང་།

མུན་པའི་ཆུ་སྒྲ་ལ་ཉན་པ་བཞིན་འཇིགས་ཡོང་།

དུར་ཁྲོད་ཀྱི་ཀེང་རུས་མཐོང་བ་ལྟར་སྐྲག་ཡོང་།


ད་ནི།

དགུན་གཞུང་རིང་མོ་དེའི་འོད་དང་རླངས་པ།

ཁ་བ་དང་ཆབ་རོམ།

སེམས་ཁྲལ་དང་འཇིགས་སྣང་།

ཉི་འོད་དང་རླུང་བུས་ཁྱེར་སོང་ན་བདེ་ཨང་།

རེ་བ་ཕྲན་བུ་སྟེར་བའི་དཔྱིད་དཔལ་དེས།

བདེ་ཐང་སྣོག་མཁན་གྱི་དགུན་ཁ་དེ།

ཁྱུར་མིད་དུ་བཏང་ན་ལྷག་ཏུ་བདེ་ཨང་།

      


  • ལེ་ཚན་སྔོན་མ།:དཔྱིད་དཔལ།
  • ལེ་ཚན་རྗེས་མ།:རེ་ལྟོས།