ཉག་རོང་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཐེངས་གསུམ་པ་འཚོགས།

ལས་ཞོར་གསར་འགོད་པ་ཡེ་ཤེས་ལྷ་མོ།        2017-05-04

2017ལོའི་ཟླ་བ4པའི་ཚེས24ཉིན། ཉག་རོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགོ་ཁྲིད་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཁྲིད་སྟོན།  རྫོང་ཨུ་འཐབ་ཕྱོགས་ཅིག་གྱུར་པུའུ་ཡིས་རྒྱབ་སྐྱོར་རོགས་རམ་བྱས་འོག  རྫོང་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཐེངས་གསུམ་པ་དེ་གོང་ཚེས་ཉིན་ཉག་རོང་རྫོང་ཨུའི་ཁང་བརྩེགས་དྲུག་པའི་ཚོགས་ཁང་ཆེན་མོར་འཚོག་འགོ་ཚུགས་པ་རེད། ཚོགས་འདུར་འབྲེལ་ཡོད་འགོ་ཁྲིད་རྣམ་པ་ཞུགས་ཤིང་རྫོང་ཡོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་མི་གྲངས74དང་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན37ཐེངས་འདིའི་ཚོགས་འདུ་ནང་དུ་ཞུགས་ཡོད།

ཚོགས་ཐོག་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨོ་རྒྱན་རྒྱལ་མཚན་གྱིས་ཚོགས་འདུ་འགོ་ཚུགས་པའི་གསུང་བཤད་གནང་ཞིང་། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་འགྱུར་མེད་གཞན་ཕན་གྱིས་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པའི་ལས་ཀའི་སྙན་ཞུ་ཕུལ། རྫོང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཁྱ་གཅེས་དང་རྫོང་ཆོས་ལུགས་ཅུས་ཀྲང་ཉི་མ་གཉིས་ཀྱིས2017ལོའི་དགོན་པའི་ལས་ཀར་བཀོད་སྒྲིག་བྱས་ཤིང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་དབང་གིས་གསུང་བཤད་གལ་ཆེན་གནང་། ཕྱི་དྲོར་དགོན་པ་ཚད་ལོན་རིམ་སྤར་གཟེངས་བསྟོད་ཚོགས་འདུའི་ཐོག་ཏུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཕུན་ཚོགས་དབང་འདུས་ཀྱིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས་ཤིང་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་དབང་འདུས་ལགས་ཀྱིས་གསུང་བཤད་གལ་ཆེན་གནང་བ་རེད།།


  • ལེ་ཚན་སྔོན་མ།:འཆི་མེད་རྡོ་རྗེ2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ་ཡི་གྲས་སུ་བདམས་པ།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གཡང་ལ་གཤིས་ཤང་གིས་ཐུན་མོང་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱས།
  • དོ་སྣང་ཆེ་བའི་རྩོམ།